《ཀྲུང་གོའི་བོད་ཀྱི་རིག་གནས་ལོ་དུས་མེ་ལོང》སྒྲིག་རྩོམ་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།
ཚོགས་ཡུལ་དངོས།
ཟླ11པའི་ཚེས3ཉིན། 《ཀྲུང་གོའི་བོད་ཀྱི་རིག་གནས་ལོ་དུས་མེ་ལོང》སྒྲིག་རྩོམ་བྱེད་པའི་བགྲོ་གླེང་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་གླིང་གཙོ་ཚེ་རིང་ཐར་དང་གླིང་གཙོ་གཞོན་པ་བཀྲ་བྷ། དྲ་གནས་ནང་བསྟན་གྱི་སྤྱིའི་འགན་འཛིན་པ་ཨན་ཧུའོ་ཧྲིན། བོད་མིའི་རིག་གནས་དྲ་བའི་ཚེ་དབང་ནོར་བུ། སིམ་ནཱsinaནང་བསྟན་རིག་པའི་ལེ་ཚན་གྱི་བློ་འདྲི་ཡུལ་དགེ་བསྙེན་ཤེས་རབ་རྡོ་རྗེ། མི་རིགས་རིག་གནས་ཕོ་བྲང་དཔེ་མཛོད་ཁང་གནའ་དཔེ་ཆེད་ཉར་ཁག་གི་འགོ་གཙོ་བྱམས་པ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་གསང་བདག རྒྱལ་ཁབ་དཔེ་མཛོད་ཁང་གི་ཝང་ཅན་ཧེ། དེ་མིན་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་རྐང་འཛིན་ཤེས་ཡོན་པ་འདུས་པའི་བོད་རིག་པའི་ཞིབ་འཇུག་ཆེད་མཁས་པ30ལྷག་ཐེངས་འདིའི་སྒྲིག་བཤེར་བགྲོ་གླེང་ཚོགས་འདུར་ཞུགས།
ཚོགས་འདུའི་ཟུར་ཞིག
དེར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་གླིང་གཙོ་ཚེ་རིང་ཐར་དང་དྲ་གནས་ནང་བསྟན་གྱི་སྤྱིའི་འགན་འཛིན་པ་ཨན་ཧུའོ་ཧྲིན་གཉིས་ཀྱིས《ཀྲུང་གོའི་བོད་ཀྱི་རིག་གནས་ལོ་དུས་མེ་ལོང》གི་བྱུང་བ་དང་དུས་སྔོན་བྱ་བའི་ཐད་ནས་མཚམས་སྦྱོར་དང་། ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་ཚ་ཚ་འུར་འུར་སྒོས་གཏམ་བཤད་སྤེལ་བ་སྟེ། ནང་དོན་མདོར་བསྡུས་དང་། རྣམ་པ། ཡིག་ཆ་འཚོལ་ཞིབ། རྩོམ་སྒྲིག དག་སྒྲིག ཞིབ་བཤེར་སོགས་གོ་རིམ་དང་རྩ་དོན་ཐད་བསམ་ཚུལ་བརྗོད་ཅིང་། ཞིབ་ཕྲའི་སྒྲིག་རྩོམ་བྱ་བ་ཇི་ལྟར་བཀོད་སྒྲིག་བྱེད་པར་བསམ་བློ་བརྗེ་རེས་བྱས། དེར་མཐུད་དེ་གླིང་གཙོ་ཚེ་རིང་ཐར་གྱིས་ལོ་དུས་མེ་ལོང་གི་སྒྲིག་རྩོམ་རྩ་དོན་ཐད་སྤྱི་བསྡོམས་དང་ཐོག་མའི་བྱ་བའི་སྒྲིག་བཀོད་གནང་།
ཚོགས་འདུའི་ཟུར་ཞིག
ཚོགས་འདུ་འདི་ལས་ལོ་དུས་མེ་ལོང་འདིའི་སྤྱིའི་རྩོམ་སྒྲིག་བྱ་བ་དངོས་སུ་མགོ་བརྩམས་པ་དང་རང་རྒྱལ་གྱི་ཐོག་མའི་ལོ་དུས་མེ་ལོང་བོད་ཀྱི་རིག་གནས་ལག་ཆས་ཀྱི་དཔེ་དེབ་པར་སྐྲུན་བྱ་རྒྱུ་ཡིན་པ་མཚོན།
ཚོགས་འདུའི་ཟུར་ཞིག
ཚོགས་འདུའི་ཁྲོད་ཚང་མས་གཅིག་མཐུན་གྱི་ལྟ་ཚུལ་ལྟར་ན། 《ཀྲུང་གོའི་བོད་ཀྱི་རིག་གནས་ལོ་དུས་མེ་ལོང》ཅེས་པ་རྩོམ་སྒྲིག་དང་པར་སྐྲུན་བྱེད་པར་བརྒྱུད་བོད་ཀྱི་རིག་གནས་རིག་གཞུང་ཞིབ་འཇུག་ཐད་ཡར་སྐུལ་གྱི་ནུས་པ་གལ་ཆེན་ཐོན་ངེས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com