ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤེལ།
མདོ་འཛིན་བྱེད་བཞིན་པ།
སློབ་རའི་གླུ་མ་གྲགས་ཅན་ནམ་མཁའ་ལྷ་མོས་མཛད་སྒོའི་སྟེང་གཞས་ལེན་བཞིན་པ།
ཟླ11པའི་ཚེས24ཉིན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་བོད་ཀྱི་རིག་གནས་འཆམ་མཐུན་རྒྱང་བཞུད་ཅེས་པའི་མུ་འབྲེལ་རིག་གཞུང་འཆད་ཁྲིད་དང་བྱ་འགུལ་ལས་སྐབས་གསུམ་པའི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཆེན་མོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བའི་བྱང་ཁུལ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས།
ཐག་འཐེན་འགྲན་བསྡུར་གྱི་ཟུར་ཞིག
བྱེའུས་རྩམ་བགམ་གྱི་ཡུལ་དངོས།
མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་རང་རེའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་དུ་གཏོང་རྒྱུ་གཞིར་བཅས། བོད་རིགས་སློབ་ཆེན་པ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་དང་རྒྱུན་འཛིན་བྱས་ཏེ་མི་རིགས་གཞན་ལ་ཁྱབ་སྤེལ་བྱ་བ་དང་། སློབ་མའི་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་གཞོལ་གྱི་ཡོད།
གླང་ཆེན་ས་གཤགས།
ས་སྒྱེ་འགྱོགས་པ། རྒྱ་མ200།
ཟླ11པའི་ཚེས15ནས16བར། སྒྲོན་སྟེགས་རྩོམ་རིག་ཚོགས་པས་ཉིན་གཉིས་ཀྱི་རིང་ལ་སློབ་ཁུལ་གསར་བའི་ལྷོ་བྱང་ཁུལ་གྱི་ཟ་ཁང་མདུན་དུ་དྲིལ་བསྒྲགས་བྱས་པར་བརྟེན། བོད་རིག་པའི་སློབ་གླིང་གཙོས་སློབ་གླིང་གཞན་དག་གི་སློབ་མ200ལྷག་གིས་ཐེངས་འདིའི་འགྲན་བསྡུར་ལ་མིང་ཐོ་བཀོད་པ་རེད།
ཐེངས་འདིའི་ལུས་རྩལ་འགྲན་བསྡུར་ལ་རྣམ་གྲངས11ལྷག་ཡོད་པ་སྟེ།
ཀ ཐག་འཐེན་འགྲན་བསྡུར། འཛིན་གྲྭ་རེ་ནས་སྐྱེས་པ་སློབ་གྲོགས10དང་སྐྱེས་མ་སློབ་གྲོགས10རེ་འགྲན་བསྡུར་ལ་ཞུགས།
ཁ། མི་འཁུར་འགྲན་བསྡུར། འཛིན་གྲྭ་རེ་ནས་སྐྱེས་པ་སློབ་གྲོགས2དང་སྐྱེས་མ་སློབ་གྲོགས2རེ་འགྲན་བསྡུར་ལ་ཞུགས།
ག འཇུ་རེས། སྐྱེས་པ་སློབ་གྲོགས།
ང་། ས་སྒྱེ་འགྱོགས་པ། སྐྱེས་པ་སློབ་གྲོགས།
ཅ། བོད་ལྭ་གྱོན་པའི་འགྲན་བསྡུར། སྐྱེས་པ་སློབ་གྲོགས་དང་སྐྱེས་མ་སློབ་གྲོགས།
ཆ། གླང་ཆེན་ས་གཤགས། སྐྱེས་པ་སློབ་གྲོགས།
ཇ། ལག་ཤུགས་འགྲན་བསྡུར། སྐྱེས་པ་སློབ་གྲོགས།
ཉ། བྱེའུས་རྩམ་བགམ། སྐྱེས་པ་སློབ་གྲོགས་དང་སྐྱེས་མ་སློབ་གྲོགས།
ཏ། མཐེ་འདེབས། སྐྱེས་མ་སློབ་གྲོགས།
ཐ། ཆུ་འཁུར་བུ་མོ། སྐྱེས་མ་སློབ་གྲོགས།
ད། མིག་མངས་འགྲན་བསྡུར། འདི་ལ་བརྒྱད་འགྱིག་དང་བཙིར་འགྱིག་སྟེ་རིགས་གཉིས་ཡོད། སྐྱེས་པ་སློབ་གྲོགས་དང་སྐྱེས་མ་སློབ་གྲོགས།
ཆུ་འཁུར་བུ་མོའི་གོམ་འགྲོས།
ལག་ཤུགས་འགྲན་བསྡུར་གྱི་ཡུལ་དངོས།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་བརྒྱུད་ནས། བོད་རིགས་སློབ་གྲོགས་མང་པོས་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ལ་ངོས་ཟིན་ལེགས་པོ་བྱུང་བ་མ་ཟད། མི་རིགས་གཞན་པའི་སློབ་གྲོགས་མང་པོས་ཀྱང་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་རྒྱུན་ལོན་བྱེད་པར་ནུས་པ་བླ་ལྷག་ཐོན་པ་རེད།
མི་འཁུར་འགྲན་བསྡུར།
འཇུ་རེས་ཀྱི་རྒྱལ་ཕམ་འབྱེད་བཞིན་པ།
བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཆེན་མོ་འདི་ལ་བོད་རིག་པའི་སློབ་གླིང་གི་འགོ་ཁྲིད་དང་དགེ་རྒན་རྣམས་ཀྱིས་ཐུགས་ཁུར་བླ་མེད་མཛད་པ་དང་། སྒྲོན་སྟེགས་ཚོགས་པའི་ཚོགས་གཙོ་འབྲུག་རྒྱལ་ཚེ་རིང་དང་བློ་བཟང་ཚེ་རིང་གཙོས་སྒྲོན་སྟེགས་ཚོགས་པའི་ཚོགས་མི་ཡོངས་ཀྱི་རོགས་འདེགས་འོག་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com