ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་བུའི་ལུས་ཁམས་བརྟག་དཔྱད་བྱེད་པའི་བྱ་འགུལ་སྤེལ།

རྩོམ་པ་པོ།:qhgddd ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-28 10:05:00 ཀློག་གྲངས།:

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་བུའི་ལུས་ཁམས་བརྟག་དཔྱད་བྱེད་པའི་བྱ་འགུལ་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་བུའི་ལུས་
ཁམས་བརྟག་དཔྱད་བྱེད་པའི་བྱ་འགུལ་སྤེལ།

         སློབ་བུའི་བདེ་ཐང་ནི་སློབ་བུའི་སློབ་གསོའི་རྨང་གཞི་དང་སློབ་བུའི་སེམས་ཁམས་བདེ་ཐང་གི་མཐུན་རྐྱེན་གཙོ་བོ་ཡིན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མའི་ལུས་ཁམས་བདེ་ཐང་གི་འདུ་ཤེས་དང་། འཕྲོད་བསྟེན་དོ་དམ་ལེགས་བསྒྱུར། སློབ་བུར་བདེ་ཐང་ཤེས་བྱ་ཁྱབ་གདལ་ཡོང་ཞིང་སྔ་མོ་ནས་ནད་འགོག་དང་། འགྲོ་འདུག་སྤྱོད་གསུམ་ཀུན་ལ་བདེ་ཐང་གི་གོམས་གཤིས་སྐྲུན་པ། སློབ་བུའི་ལུས་ཕུང་བརྟག་དཔྱད་ཀྱི་མཇུག་འབྲས་ཡིག་ཚགས་བསྡུ་ལེན་དང་ཉར་ཚགས། དོ་དམ་བཅས་བྱས་ཏེ་གནས་ཚུལ་གོང་རིམ་ལ་ཡར་སྤྲོད་བྱ་ཆེད། ཟླ11པའི་ཚེས22ནས24བར་རྫོང་རིམས་ནད་སྔོན་འགོག་སྟེ་གནས་ཀྱི་མི་སྣ8ཀྱིས་ངལ་བ་འཛེམ་མེད་ངང་།  སློབ་གྲྭའི་རྣམ་དག་གི་མཉམ་འབྲེལ་དང་བསྟུན་ཏེ་སློབ་གྲྭའི་ལོ་རིམ་དང་པོའི་སློབ་བུ171དང་ལོ་རིམ་བདུན་པའི་སློབ་བུ400ལྷག་ལ་ལུས་ཕུང་བརྟག་དཔྱད་གནང་།
         བརྟག་དཔྱད་ཀྱི་ནང་དོན་གཙོ་བོ་ནི་ཁྲག་རིགས་དང་། ཁྲག་དམར་སྤྲི་དཀར། མཆིན་པའི་ནུས་པ  མཆིན་སྐྲན་དང་། མིག་ནད་ཚན་པའི་མཐོང་ཤུགས་སོགས་དང་། རྣ་བའི་ཚོར་ནུས་དང་སྣ་ཡི་ནུས་པ།  འཕར་རྩ། སྙིང་།  གློ་བ།  མཚེར་བ།  ཕྱི་ནད་ལས་གཟུགས་ཀྱི་རིང་ཚད། ལྗིད་ཚད། མགོ་བོ་དང་སྐེ་ཚིགས། སྒལ་ཚིགས་དང་རྐང་ལག  གཞན་གློ་བའི་འབྱིན་རྔུབ་ནུས་ཚད་སོགས་ཡིན།
         བསྟུད་མར་ཉིད་གསུམ་གྱི་ནན་ཏན་བརྟག་དཔྱད་བརྒྱུད། ཟླ་འདིའི་ཚེས24ཉིན་གྱི་ཕྱི་དྲོ་བརྟག་དཔྱད་བྱ་བ་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།