རྡོ་སྦིས་རྡོ་རྗེ་ལ་རྩོམ་རིག་དུས་དེབ་ཀྱི་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་ཐོབ།
མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགོ་གཙོ་རྡོ་སྦིས་རྡོ་རྗེ་ལ་
རྩོམ་རིག་དུས་དེབ་ཀྱི་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་ཐོབ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་དུས་དེབ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་དུས་དེབ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་རྩ་འཛུགས་གནང་བའི་མཚོ་སྔོན་ཞིང་ཆེན་རྩོམ་རིག་དུས་དེབ་རྩོམ་སྒྲིག་ལེགས་འདེམ་ཁྲོད་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགོ་གཙོའམ《ཨ་མདོའི་བླ་སྲོག》ཅེས་པའི་གཙོ་སྒྲིག་གཞོན་པ་རྡོ་སྦིས་རྡོ་རྗེ་ལ་རྩོམ་རིག་དུས་དེབ་ཀྱི་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་ཐོབ།
རྩོམ་རིག་དུས་དེབ་ཀྱི་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་གནང་བའི་བརྗོད་ཚིག་ལས་ཁོ་ལ་འདི་ལྟར་གདེང་འཇོག་བྱས་ཡོད་དེ། ཁོས་མཚོ་བོད་མཐོ་སྒང་གི་ས་ཆ་མང་ཆེ་སར་རྐང་རྗེས་བཞག་པ་ནི་བོད་ཀྱི་རིག་གནས་ལ་དུངས་ཏེ་དེའི་ཁྲོད་སིམ་པས་ཡིན་ལ། ཁོས་སྙན་ངག་དང་རྩོམ་རིག་གང་རུང་འབྲི་བ་དང་། ཚགས་པར་དང་དུས་དེབ་རྩོམ་སྒྲིག འཆར་ཇུས་དང་ཇུས་འགོད། ཡང་ན་བརྙན་པར་དང་། དངོས་བྲིས་བརྙན་ཕབ་སོགས་གང་ཞིག་སྒྲུབ་ཀྱང་། ཁོའི་ཁ་ཕྱོགས་དང་དམིགས་འདུན་ལ་སྙེག་པའི་ཡང་སྙིང་ནི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པ་དེ་ཡིན་པ་རེད་ཅེས་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com