སློབ་གྲྭ་ཆུང་འབྲིང་སློབ་མའི་རྒྱུན་མཁོའི་མིང་མཛོད་ཐོག་མའི་འགྲེམ་སྤེལ་དང་ཡིག་སྒྱུར་འགོ་རྩོམ་མཛད་སྒོ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-03 11:19:00 ཀློག་གྲངས།:

སློབ་གྲྭ་ཆུང་འབྲིང་སློབ་མའི་རྒྱུན་མཁོའི་མིང་མཛོད་ཐོག་མའི་འགྲེམ་སྤེལ་དང་ཡིག་སྒྱུར་འགོ་རྩོམ་པ།
སློབ་གྲྭ་ཆུང་འབྲིང་སློབ་མའི་རྒྱུན་མཁོའི་མིང་མཛོད་ཐོག་མའི་འགྲེམ་སྤེལ་དང་ཡིག་སྒྱུར་
འགོ་རྩོམ་མཛད་སྒོ།(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)

         ཟླ11པའི་ཚེས30ཉིན། རྒྱལ་ཡོངས《ཆུང་འབྲིང་སློབ་མའི་རྒྱུན་མཁོའི་མིང་མཛོད》ཐོག་མའི་འགྲེམ་སྤེལ་དང་ཡིག་སྒྱུར་འགོ་རྩོམ་པའི་མཛད་སྒོ་དེ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་གཙོ་གཞོན་པ་རྟ་མགྲིན་ཐར་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དཔེ་སྐྲུན་ཁང་གི་གཙོ་སྒྲིག་གཞོན་པ་མགོན་པོ་དར་རྒྱས།  རྒྱལ་ཁབ་མི་རིགས་དཔེ་སྐྲུན་ཁང་གི་རིམ་པ་གཉིས་པའི་སྒྲིག་བཤེར་པ་ཕུར་ཁོ། ལན་གྲུ་སློབ་ཆེན་མི་རིགས་ཞིབ་འཇུག་ཁང་གི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་ཆོས་འཕེལ།  ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་ཕྱི་རྒྱལ་ཡིག་ཚགས་ཞིབ་འཇུག་ཁང་གི་བཀྲ་ཤིས་དོན་འགྲུབ། ནུབ་བྱང་དགེ་ཐོན་སློབ་ཆེན་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཡོན་ཏན། དེ་མིན་འབྲེལ་ཡོད་འགོ་ཁྲིད་དག་དང་། 《ཆུང་འབྲིང་སློབ་མའི་རྒྱུན་མཁོའི་མིང་མཛོད》ཀྱི་གཙོ་སྒྲིག་པ་ཀླུ་འབུམ་སྐྱབས་སོགས་ཐེངས་འདིའི་མཛད་སྒོར་ཞུགས།
         《ཆུང་འབྲིང་སློབ་མའི་རྒྱུན་མཁོའི་མིང་མཛོད》ཅེས་པ་འདི་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་གཉིས་མཉམ་འབྲེལ་སྒོས་དུས་ཡུན་ལོ་བཞི་ལ་ལེགས་སྒྲིག་བྱས་པ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀླུ་འབུམ་སྐྱབས་ཀྱིས་གཙོ་སྒྲིག་གི་འགན་བཞེས་པ་རེད།  མིང་མཛོད་འདིར་བསྡོམས་པས་མིང་དང་ཐ་སྙད་ཁྲི1ལྷག་འདུས་ཤིང་། མང་ཆེ་བ་ནི་རྨང་གཞི་སློབ་གསོའི་བོད་སྐད་སློབ་དེབ24ལས་བཏུས་པ་མ་ཟད། བོད་སྐད་རྒྱུན་སྤྱོད་ཐ་སྙད་ཀྱང་བཏུས་ཡོད་ལ། དེར་ཐ་སྙད་ཀྱི་དབྱེ་བ་དང་། ཐ་སྙད་འགྲེལ་བཤད།  ཚིག་གྲོགས་སྒྲིག་པ་སོགས་ཕྱོགས་ལྔ་འདུས། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།