ཚྭ་འདམ་གཞོང་བོད་ཀྱི་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-04 09:47:00 ཀློག་གྲངས།:


འགྲན་ཞུགས་སློབ་མས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

        ཉེ་ཆར། འཆམ་མཐུན་གླེང་ནས། ཏང་གི་བཀའ་དྲིན་དྲན་པ་ཞེས་པའི་ཚྭ་འདམ་གཞོང་བོད་ཀྱི་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་ཏུའུ་ལན་རྫོང་དུ་བསྡུས། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་ཚྭ་འདམ་གཞོང་བོད་ཀྱི་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དང༌། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང༌། འགྲན་བསྡུར་སྤེལ་གནས་ཀྱི་སློབ་གྲྭ་དག་གིས་འགན་སྒྲུབ་བྱེད་བཞིན་པའི་བོད་ཀྱི་སློབ་འབྲིང་སློབ་མའི་སྙན་གྱེར་འདོན་འགྲན་ཚོགས་ཤིག་ཡིན། འགྲན་ཚོགས་སྟེང་གཙོ་སྒྲུབ་ལས་ཁུངས་དག་གི་འབྲེལ་ཡོད་འགོ་ཁྲིད་དང༌། ཏུའུ་ལན་རྫོང་གི་འགོ་ཁྲིད་ཚོགས་ཁག་ཆེན་པོ་བཞི་ཡི་འགོ་ཁྲིད། རྫོང་དྲིལ་སྒྲོག་པུའུ་དང༌། འཐབ་ཕྱོགས་གཅིག་གྱུར་པུའུ། སློབ་གསོ་ཅུའུ།  རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་པ་རྣམས་ཞུགས་ཡོད་པ་དང༌། གཙོ་སྒྲུབ་ལས་ཁུངས་དང་འགན་སྒྲུབ་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་པ་དང༌། ཏུའུ་ལན་རྫོང་གི་འགོ་ཁྲིད་འབྲེལ་ཡོད་འགོ་ཁྲིད་པ་བཅས་ཀྱིས་སྔ་གཞུག་ཏུ་འགྲན་ཚོགས་ལ་ཤིས་ཚིག་དང་གཏམ་བཤད་སྤེལ།

དུར་ལམ་རྫོང་དུ་སློབ་མའི་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་སྤེལ།
བྱ་དགའ་ཐོབ་མཁན་གྱི་སློབ་མ་ཨང་ལྟར་བསྒྲིགས་པ།

        འགྲན་བསྡུར་བྱ་འགུལ་འདི་ནི་ཕྱོགས་ཡོངས་ནས་ཚྭ་འདམ་ས་ཁུལ་གྱི་བོད་རིགས་སློབ་མའི་ཕྱོགས་བསྡུས་གོ་རྟོགས་ནུས་པ་མཐོར་འདེགས་སུ་གཏོང་བ་དང་མི་རིགས་སྐད་ཡིག་གི་རྩ་བའི་ཆུ་ཚད་ལ་རྨང་གཞི་འཇོག་པ། སློབ་གྲྭ་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པ། མཐུན་སྒྲིལ་ལམ་ནས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་ཚོགས་སུ་གཏོང་བ་བཅས་ལ་དམིགས་ནས་སྒྲུབ་བཞིན་པ་ཞིག་ཡིན་ཞིང༌། ད་ལྟའི་བར་ལོ་ངོ་གསུམ་རིང་གི་སྒྲུབ་སྟངས་ཀྱི་ལམ་ཕྱོགས་བརྒྱུད་རིམ་ལྡན།  ཐེངས་འདིའི་འགན་སྒྲུབ་ལས་ཁུངས་ནི་ཏུའུ་ལན་རྫོང་མི་རིགས་ཆ་ཚང་སློབ་འབྲིང་དང༌། ཏུའུ་ལན་རྫོང་མཐོ་རིམ་སློབ་འབྲིང་གཉིས་ཡིན་ཞིང༌། འགྲན་ཞུགས་སློབ་གྲྭ་སོ་སོར་ཐེམ་ཆེན་མི་རིགས་སློབ་འབྲིང་དང་པོ་དང༌། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ། ན་གོར་མོ་མི་རིགས་སློབ་འབྲིང༌། འབྲི་ཆུའི་འགོ་ཁུངས་མི་རིགས་སློབ་གྲྭ  ཏུའུ་ལན་རྫོང་མི་རིགས་ཆ་ཚང་སློབ་འབྲིང་དང༌། ཏུའུ་ལན་རྫོང་མཐོ་རིམ་སློབ་འབྲིང་གཉིས་པ་བཅས་ཀྱི་འགྲན་ཞུགས་སློབ་མ་ཉེར་གཅིག་ཞུགས་ཡོད། 
        ཐེངས་འདིའི་འགྲན་ཚོགས་ལ་སྐབས་སྔོན་མ་དག་ལས་ཁྱད་ཆོས་ཐུན་མིན་ཞིག་ལྡན་པ་ནི་འགྲན་ཞུགས་སློབ་གྲྭ་ཇེ་མང་དུ་ཕྱིན་ཡོད་པའི་ཁར་འགྲན་ཞུགས་སློབ་གྲོགས་ཀྱང་སློབ་གྲྭ་སོ་སོ་ནས་སྔོན་ཐོན་པ་དག་བདམས་ཡོད་པས། སྙན་ངག་གྱེར་འདོན་གྱི་རྒྱུ་སྤུས་ཐད་ནས་ཇེ་ལེགས་སུ་ཕྱིན་ཡོད་ལ། རྒྱབ་ལྗོངས་རོལ་དབྱངས་དང་བརྩམས་ཆོས་ཀྱི་ནང་དོན་ལྟར་འཁྲབ་ཆས་སོགས་ཀྱང་གྲ་སྒྲིག་བྱས་ཡོད་སྟབས། གྱེར་འདོན་སྐབས་སུ་བརྩམས་ཆོས་ལ་སྔར་ལས་ལྷག་པར་གསོན་ཉམས་ཐོན་ཡོད་པར་མ་ཟད།  སྒྱུ་རྩལ་གྱི་ཉམས་འགྱུར་དང་མི་རིགས་རིག་གནས་ཐད་ཀྱི་ཡོན་ཏན་གྱི་ཆའང་ཐོན་ཡོད།  ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་ནས་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་བར་འབོད་སྐུལ་ཐད་ཀྱི་ནུས་པའང་ཐོན་ཡོད་པ་སྟེ། འཆམ་མཐུན་གླེང་ནས། ཏང་གི་བཀའ་དྲིན་དྲན་པ་ཞེས་པའི་བརྗོད་བྱ་འབུར་དུ་ཐོན་ཡོད་ལ། འགྲན་ཞུགས་སློབ་གྲོགས་རེ་རེའི་རང་རང་གི་རྒྱུད་ན་མངའ་བའི་ཡོན་ཏན་གྱི་འཇོན་ཐང་དང་ཁྱད་ཆོས་ལྟར་བརྩམས་ཆོས་དབྱངས་སུ་གྱེར་ནས་མ་ཡུམ་གངས་ལྗོངས་དང་མེས་རྒྱལ་ལ་བཅངས་བའི་ལྷག་བསམ་མངོན་པར་མཚོན་པའི་ཁར། བར་བཅུག་གླུ་བྲོ་རེ་རེའི་ཉམས་འགྱུར་དང་གར་གྱི་སྟངས་སྟབས་ལས་ཡུལ་དངོས་ཧྲིལ་བོར་སྔར་བས་སྤྲོ་བག་གི་ངང་ཚུལ་ཞིག་ཤུགས་ཀྱིས་བསྣན་ཞིང་འགྲན་ཚོགས་ཡུལ་དངོས་ཧྲིལ་བོར་དགའ་སྐྱིད་ཀྱི་མཐེལ་སྒྲའི་ཁེངས་ཏེ་སྐུ་མགྲོན་དང་ལྟ་མཁན་རྣམས་ལ་རིག་གནས་སྒྱུ་རྩལ་གྱི་འཚོ་བ་གྱ་ནོམ་པ་ཞིག་ལོངས་སུ་སྤྱོད་དུ་བཅུག  མཐར་སློབ་གྲོགས་མཁར་བྱམས་རྒྱལ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང༌། སློབ་གྲོགས་ཉི་མ་ལྷ་མོ་སོགས་ལ་བྱ་དགའ་ཨང་གཉིས་པ་ཐོབ། སློབ་གྲོགས་ཁྲང་མེ་སྐྱིད་སོགས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ལ།སློབ་གྲོགས་འཆི་མེད་རྡོ་རྗེ་སོགས་ལ་སྟེང་སྐུལ་བྱ་དགའ་བཅས་གནང་ནས་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་སྒྲིལ།


ཚོགས་རའི་ཟུར་ཞིག

        ཚྭ་འདམ་གཞོང་བོད་ཀྱི་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་འདི་བསྟུད་མར་སྤེལ་བའི་རིང་ལ། མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་སློབ་གསོ་སྡེ་ཁག  ལྷག་པར་དུ་མི་རིགས་སློབ་གྲྭ་སོ་སོའི་དགེ་སློབ་རྣམས་ཀྱིས་གདེང་འཇོག་དང་དགའ་བསུ་ཚད་མཐོན་པོ་བྱེད་བཞིན་ཡོད་པར་མ་ཟད། དམངས་ཕན་སློབ་གསོའི་བྱ་འགུལ་སྤེལ་བ་འདིས་མཚོ་ནུབ་ཁུལ་ཡོངས་ཀྱི་བོད་ཀྱི་སློབ་འབྲིང་སློབ་མའི་ཕྱོགས་བསྡུས་གོ་རྟོགས་དང་བོད་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་ལ་ཡར་སྐུལ་བྱེད་པར་རྨང་གཞི་འདིང་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།