ཀྲུང་ནན་མི་རིགས་སློབ་ཆེན་གྱིས་བོད་རིགས་སློབ་མའི་གྱོན་ཆས་རིག་གནས་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-07 11:12:00 ཀློག་གྲངས།:

ཀྲུང་ནན་མི་རིགས་སློབ་ཆེན་གྱིས་བོད་རིགས་སློབ་མའི་གྱོན་ཆས་རིག་གནས་འགྲེམ་སྟོན་བྱས་པ།
ཀྲུང་ནན་མི་རིགས་སློབ་ཆེན་གྱིས་བོད་རིགས་སློབ་མའི་
གྱོན་ཆས་རིག་གནས་འགྲེམ་སྟོན་བྱས་པ། 

        ཉེ་ལམ། ཀྲུང་ནན་མི་རིགས་སློབ་ཆེན་གྱིས་བོད་རིགས་སློབ་མའི་གྱོན་ཆས་རིག་གནས་འགྲེམ་སྟོན་བྱེད་པ་སྟེ། སློབ་གྲྭའི་དཔེ་མཛོད་ཁང་གི་ཐོག་ཁང་དང་པོའི་བགྲོད་ལམ་གཞོགས་གཉིས་སུ་བོད་ཀྱི་གྱོན་ཆས་སྣ་ཚོགས་བཤམས་ཡོད་པ་དང་།  གྱོན་ཆས་འདི་དག་ནི་ཀྲུང་ནན་མི་རིགས་སློབ་གྲྭས་མཐོ་རིམ་སློབ་ཆེན་སོ་སོའི་བོད་རིགས་སློབ་མ་རྣམས་ལས་བསྡུས་པ་རེད།
        ཟླ12པའི་ཚེས1ཉིན་གྱི་དགོང་མོ། སློབ་གྲྭ་འདིས་བོད་ཀྱི་བྲོ་གར་འཁྲབ་སྟོན་ཞིག་ལས་འགོ་བསླངས་ཏེ་དུས་ཡུན་ཟླ་ཕྱེད་རིང་གི“བོད་མི་རིགས་ཀྱི་རིག་གནས་འགྲེམ་སྟོན་བྱ་འགུལ”དངོས་སུ་འགོ་བརྩམས་ཤིང་།  ཐོག་མར་བོད་མི་རིགས་དང་འབྲེལ་བའི་པར་རིས་དང་དངོས་གཟུགས་འགྲེམ་སྟོན་གནང་བ་དང་། དེར་ཆོས་ལུགས་རིག་གནས་དང་། སྲོལ་རྒྱུན་གྱོན་ཆས། དུས་སྟོན་རྒྱུན་སྲོལ། འཛུགས་སྐྲུན་གྱི་བཟོ་བཀོད། ཡི་གེ་དང་གསོ་རིག་སོགས་ནང་དོན་རྣམ་མང་འདུས་ལ།  སློབ་རའི་སློབ་མ་རྣམས་ཀྱིས་འདི་ལྟ་བུའི་བྱ་འགུལ་ལ་དངོས་གནས་ཡི་རང་དང་དགའ་བསུ་བྱེད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།