རྒྱལ་ཡོངས་སློབ་ཆེན་སློབ་མའི་སྨོན་ལམ་བུམ་པ་རྩོམ་ཡིག་འགྲན་བསྡུར་གྱི་བརྡ་ཁྱབ།

རྩོམ་པ་པོ།:མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-08 10:32:00 ཀློག་གྲངས།:

རྒྱལ་ཡོངས་སློབ་ཆེན་སློབ་མའི་སྨོན་ལམ་བུམ་པ་རྩོམ་ཡིག་འགྲན་བསྡུར་གྱི་བརྡ་ཁྱབ།

        རྒྱལ་ཡོངས་སྨོན་ལམ་བུམ་པའི་རྩོམ་ཡིག་འགྲན་བསྡུར་ནི་མི་རིགས་སློབ་གསོ་དང་རིག་གནས། སྐད་ཡིག་བཅས་ལ་དུངས་ཞེན་ཆེ་བའི་སྐུ་འབུམ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་སྨོན་ལམ་རྒྱ་མཚོ་ལགས་ཀྱིས་མཐུན་རྐྱེན་སྐྲུན་ཐོག  མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ཏེ།  སློབ་གྲྭ་ཆེ་འབྲིང་གི་སློབ་མའི་གསར་རྩོམ་གྱི་ནུས་པ་སྐྱེད་སྲིང་དང་།  གསར་རྩོམ་གྱི་ལས་ལ་གཞོལ་བའི་སློབ་བུ་དག་ལ་རྩོམ་ལུས་མི་འདྲ་བའི་སློབ་འབྲིང་སློབ་མའི་འགྲན་རྩོམ་རབས་དང་རིམ་པ་ཞིག་སྤེལ་བས་རྒྱ་ཆེ་བའི་ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། 
        ན་ནིང་ནས་བཟུང་།   སློབ་ཆེན་སློབ་མའི་རྩོམ་འབྲིའི་ནུས་པ་གོང་སྤེལ་དང་། སློབ་ཆེན་རྩོམ་ཡིག་གི་སྤུས་ཚད་མཐོར་འདེགས། སློབ་རའི་རིག་གནས་ཀྱི་མཁའ་དབུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་སླད། རྩོམ་རིག་གི་མངར་ཁ་མྱོང་འདོད་པ་དང་། རིགས་ཞེན་གྱི་དཔུང་བ་ངོམ་འདོད་པ་རྣམས་ལ། རྩོམ་རིག་གསར་རྩོམ་གྱི་གར་སྟེགས་ཤིག་སྐྲུན་ཆེད་རྒྱལ་ཡོངས་སློབ་ཆེན་སློབ་མའི་སྨོན་ལམ་བུམ་པའི་རྩོམ་ཡིག་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་དང་། ལོ་སྔོན་མའི་སྒྲུང་གཏམ་འགྲན་བསྡུར་གྱི་བྱ་འགུལ་ད་ལྟ་ཡོངས་སུ་མཇུག་བསྡུས་ཤིང་། ཟླ3པའི་ཚེས15ཉིན་གྱི་སྔོན་དུ་བདམས་ཐོན་མཇུག་འབྲས་དེ་མཚོ་སྔོན་ཁྲིམས་ལུགས་ཚགས་པར་བརྒྱུད་དེ་སྒྲོག་སྤེལ་བྱ་ངེས།
        ད་ལོ་མུ་མཐུད་དུ་སྙན་ངག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་རྒྱུ་ཡིན་པས། རྩོམ་རིག་ལ་མོས་པ་ཟབ་པའི་རྒྱ་ཆེའི་སློབ་མ་དག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུའོ།།
འགྲན་ཞུགས་དུས་ཚོད།
ད་ལོའི་སྙན་ངག་འགྲན་བསྡུར་གྱི་རྩོམ་བསྡུའི་དུས་ཚོད། 2013ལོའི1པོ་ནས་ཟླ12བར་ཡིན། 
འགྲན་བསྡུར་གྱི་ཆ་རྐྱེན།  
        སྙན་ངག་ལ་གསར་བཏོད་ཀྱི་རང་བཞིན་ལྡན་ཞིང་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་ཁར། བརྗོད་དོན་ཟབ་ཅིང་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་ལ་ཡར་སྐུལ་དང་དྲང་བདེན། གནས་ལུགས་དང་འགན་འཁྲི་བཅས་ཀྱི་ནུས་པ་ལྡན་དགོས་པ་མ་ཟད། སྒྱུ་རྩལ་གྱི་ཐབས་ལམ་མི་འདྲ་བ་དང་རོལ་མྱོང་གི་རིན་ཐང་ལྡན་པ། སེམས་འགྱུ་ལ་བསླུ་བ་མེད་པར་སྲོལ་རྒྱུན་དང་རང་མོས་གང་རུང་གི་ལམ་ནས་རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་དངོས་མ་ཞིག་ཤོད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། ཡིག་འབྲུ་སྟོང2ལས་མི་བརྒལ་བ། དུས་དེབ་དང་ཚགས་པར་སོགས་སུ་བཀོད་མ་མྱོང་བའི་བརྩམས་ཆོས་གསར་བ་ཡིན་དགོས། ཆབ་སྲིད་དང་བཅའ་ཁྲིམས། མི་རིགས་མཐུན་འགྲིག་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་བརྩམས་ཆོས་བསྐུར་མི་ཆོག
       གཞན་རྩོམ་པ་པོས་བསྐུར་གནང་མཛད་པའི་རྩོམ་ཡིག་དེ་འགྲན་ཞུགས་རྩོམ་ཡིག་ཡིན་ཚེ་ཁ་བྱང་གི་ཟུར་དུ་འགྲན་ཞུགས་རྩོམ་ཡིག་ཅེས་གསལ་བོར་འབྲི་དགོས།
རྩོམ་ཡིག་བསྐུར་ཡུལ། qhfzb@yahoo.cn
                           QQ : 156072859         
ཁ་པར་ཨང་གྲངས།   0971  6321635


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།