བོད་ལྗོངས་ཀྱི་པར་སྐྲུན་ལས་གཞི9ལ་སྒོར་ཁྲི1700ལྷག་གི་རོགས་དངུལ་ཐོབ།
ཉེ་སྔོན། རྒྱལ་ཁབ་པར་སྐྲུན་ཐེབས་རྩ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཆོག་མཆན་གནང་བར་བརྒྱུད། བོད་ལྗོངས་ཀྱི་པར་སྐྲུན་ལས་གཞི9ལ2013ལོའི་རྒྱལ་ཁབ་པར་སྐྲུན་ཐེབས་རྩའི་རོགས་དངུལ་ཐོབ།
དེ་དག་ནི《བོད་ཀྱི་འཁྲབ་གཞུང་བརྒྱད་ཀྱི་མུ་སྦྲེལ་རི་མོ》དང་། 《བོད་ལྗོངས་ཀྱི་ཆོས་ལུགས་ལོ་རྒྱུས་རིག་གནས》། 《པར་བཤུས་བོད་ཀྱི་གསོ་རིག་གཅེས་ཉར་གནའ་དཔེ》། 《ཐང་ག་དབྱེ་ཉར》། 《ཕོ་བྲང་པོ་ཏ་ལ》། 《གེ་སར་རྒྱལ་པོའི་སྒྲུང་དབྱངས་གཅེས་འདེམ》། 《བོད་ལྗོངས་བྱམས་ལྡན་མི་སྣ60ཡི་དངོས་བྲིས་བརྙན་གཟུགས》། 《བོད་ལྗོངས་ཀྱི་དམངས་སྲོལ》། 《བོད་ལྗོངས་གཟུགས་འདས་རིག་གནས་ཤུལ་བཞག་ལེའུ་དང་པོ》བཅས་ཡིན་པ་དང་། བསྡོམས་པས་རོགས་དངུལ་སྒོར་ཁྲི1714.59བཏང་ཞིང་། འདི་ནི་ཉེ་བའི་ལོ་འགའི་རིང་བོད་ལྗོངས་པར་སྐྲུན་ལས་གཞི་ལ་རྒྱལ་ཁབ་པར་སྐྲུན་ཐེབས་རྩ་ཐོབ་པ་ཆེས་མང་བའི་ཐེངས་ཤིག་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com