རྒྱལ་ཡོངས་སློབ་འབྲིང་གི་སྐད་ཡིག་དང་དབྱིན་ཡིག་འགྲན་བསྡུར་ལས་མཚོ་ལྷོའི་སློབ་མས་གྲུབ་འབྲས་ལེགས་པོ་བླངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-18 09:36:00 ཀློག་གྲངས།:

        2012ལོའི་རྒྱལ་ཡོངས་སློབ་འབྲིང་སློབ་མའི་སྐད་ཡིག་དང་དབྱིན་ཡིག་འགྲན་བསྡུར་ཁྲོད་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་སློབ་མ93གྱིས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས།
        ཟླ3པའི་ཚེས5ཉིན། 2012ལོའི་རྒྱལ་ཡོངས་སློབ་འབྲིང་སློབ་མའི་སྐད་ཡིག་དང་དབྱིན་ཡིག་འགྲན་བསྡུར་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཤིང་། ཁྲི་ཀ་རྫོང་གི་སློབ་མ51གིས་སྐད་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་བླངས་པ་དང་། སློབ་མ42ཀྱིས་དབྱིན་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་བླངས།
        དེ་ཡང2012ལོའི་ཟླ12པའི་ཚེས15དང་ཚེས23ཉིན། ཐོག་མའི་འགྲན་བསྡུར་ལས་ལེགས་འདེམ་བྱས་པའི་སློབ་མ93རྒྱལ་ཡོངས་སློབ་འབྲིང་སློབ་མའི་སྐད་ཡིག་དང་དབྱིན་ཡིག་གི་རྟིང་རྩོད་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་ཞུགས་སློབ་མ93ཚང་མས་བྱ་དགའ་བླངས་པ་རེད། དེ་ལས་སྐད་ཡིག་འགྲན་བསྡུར་ཁྲོད་ཆུ་ཤར་བཅའ་སྡོད་སློབ་གྲྭའི་སློབ་མ21དང་། རྨ་སྲིབ་བཅའ་སྡོད་སློབ་གྲྭའི་སློབ་མ16། ཆུ་ནུབ་བཅའ་སྡོད་སློབ་གྲྭའི་སློབ་མ3། རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ1། ཁུལ་མཐོ་འབྲིང་གཉིས་པའི་སློབ་མ9། ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་མ1བཅས་ལ་བྱ་དགའ་ཐོབ་པ་དང་། དབྱིན་ཡིག་འགྲན་བསྡུར་ཁྲོད་རྨ་སྲིབ་བཅའ་སྡོད་སློབ་གྲྭའི་སློབ་མ9ལ་རྒྱལ་ཁབ་རིམ་པའི་བྱ་དགའ་དང་སློབ་མ5ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་ཅིང་། རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ6ལ་རྒྱལ་ཁབ་རིམ་པ་དང་སློབ་མ5ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་དང་། ཆུ་ཤར་བཅའ་སྡོད་སློབ་གྲྭའི་སློབ་མ2ལ་རྒྱལ་ཁབ་རིམ་པའི་བྱ་དགའ་དང་སློབ་མ5ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། ཆུ་ནུབ་བཅའ་སྡོད་སློབ་གྲྭའི་སློབ་མ1ལ་རྒྱལ་ཁབ་རིམ་པའི་བྱ་དགའ་དང་སློབ་མ5ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། ཁུལ་མཐོ་འབྲིང་གཉིས་པའི་སློབ་མ4ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ། དེ་མིན་དགེ་རྒན23ལ་ཁྲིད་སྟོན་དགེ་རྒན་གྱི་བྱ་དགའ་ཐོབ་པ་རེད།
        རྒྱལ་ཡོངས་སློབ་འབྲིང་སློབ་མའི་སྐད་ཡིག་དང་དབྱིན་ཡིག་འགྲན་བསྡུར་བྱེད་པ་འདིས་སློབ་འབྲིང་གི་སྐད་ཡིག་དང་དབྱིན་ཡིག་དགེ་རྒན་གྱི་སློབ་གསོའི་ཞིབ་འཇུག་ལ་སྐུལ་འདེད་དང་།  སློབ་འབྲིང་སློབ་མའི་སློབ་སྦྱོང་གི་སྤྲོ་བ་འདྲེན་པ་དང་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཡར་ཐོན་གྱི་ནུས་པ་ལྡན། མ་ཟད་སློབ་འབྲིང་སློབ་མའི་སྐད་ཡིག་དང་དབྱིན་ཡིག་སློབ་སྦྱོང་གི་ནུས་པར་ཚོད་ཞིབ་ཐེངས་ཤིག་བྱས་ཏེ་རྒྱ་ཆེའི་དགེ་སློབ་ཀུན་གྱི་རང་རྟོགས་རང་བཞིན་ལ་སྐུལ་ལྕག་ཐེབས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།