བོད་ལུགས་གསོ་རིག་བསྟན་བཅོས་གྲངས་འཛིན་ཅན་དུ་བསྒྱུར་བ་དང་དཔེ་སྟོན་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-01 11:53:00 ཀློག་གྲངས།:
  བོད་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་གིས་འབྲེལ་ཡོད་ཀྱི་ཆེད་མཁས་པ་རྣམས་རྩ་འཛུགས་བྱས་ཏེ《བོད་ལུགས་གསོ་རིག་བསྟན་བཅོས་གྲངས་འཛིན་ཅན་དུ་བསྒྱུར་བ་དང་དཔེ་སྟོན་འཛུགས་སྐྲུན》ལས་གཞི་ལ་དུས་རིམ་རང་བཞིན་གྱི་ཞིབ་བཤེར་རྩིས་ལེན་བྱས།
  བོད་ལུགས་གསོ་རིག་བསྟན་བཅོས་གྲངས་འཛིན་ཅན་དུ་བསྒྱུར་བ་དང་དཔེ་སྟོན་འཛུགས་སྐྲུན་གྱིས་བོད་ལུགས་གསོ་རིག་གྱི་ལོ་རྒྱུས་རྒྱུ་ཆ་རྩ་ཆེན་མང་པོ་མྱུར་སྐྱོབ་བྱེད་དགོས་པའི་ད་ལྟའི་གནས་བབ་ལ་དམིགས་ནས། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་ཡིག་ཆའི་གྲངས་འཛིན་ཅན་དང་བོད་ལུགས་གསོ་རིག་འཚོལ་བཤེར་མ་ལག་གི་ཇུས་འགོད་འདོན་སྤེལ། བསྟན་བཅོས་དང་ཡིག་ཆའི་བོད་རྒྱའི་དཀར་ཆག་བསྒྲིགས་པ་བཅས་བྱས་ཏེ་བསྟན་བཅོས་དང་ཡིག་ཆའི་གཞི་གྲངས་ཐོན་ཁུངས་གྲངས་འཛིན་ཅན་གྱི་འཚོལ་བཤེར་ནུས་པ་མངོན་འགྱུར་བྱེད་པ་ཡིན། མིག་སྔར་བོད་ལུགས་གསོ་རིག་བསྟན་བཅོས་རྩ་ཆེན་གྱི་གཙོ་གནད་རྒྱ་ཡིག་ཏུ་བསྒྱུར་བ་དང་བོད་ལུགས་གསོ་རིག་འཚོལ་བསྡུ་མ་ལག་འདོན་སྤེལ་བྱེད་པའི་བྱ་བ་ཡོངས་སུ་འགྲུབ་པར་མ་ཟད། ཡིག་ཆ་རྩ་ཆེན600ལྷག་གྲངས་འཛིན་ཅན་དུ་བསྒྱུར་ཚར་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།