སེམས་ཀྱི་ཉི་ཟླའི་རིག་གནས་སྐོར་སྐྱོད་འགྲེམ་སྟོན་སྐབས་བཞི་པ་ཁོན་མིན་རྩིས་བཟོ་སློབ་ཆེན་དུ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-08 10:19:00 ཀློག་གྲངས།:

第四届香格里拉文化巡展近日在昆明理工大学举行
སེམས་ཀྱི་ཉི་ཟླའི་རིག་གནས་སྐོར་སྐྱོད་འགྲེམ་སྟོན་སྐབས་བཞི་པའི་ཁྱབ་སྒྲོག་པར་རིས།

  ཟླ3པའི་ཚེས22ཉིན། ཡུན་ནན་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་བསྡུས་པའི་སེམས་ཀྱི་ཉི་ཟླའི་རིག་གནས་སྐོར་སྐྱོད་འགྲེམ་སྟོན་སྐབས་བཞི་བ་དེ་ཁོན་མིན་རྩིས་བཟོ་སློབ་ཆེན་དུ་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་ནི་གུང་གཞོན་ཚོགས་པ་ཡུན་ནན་མི་རིགས་སློབ་ཆེན་ཨུ་ཡོན་ལྷན་ཁང་དང་ཡུན་ནན་མི་རིགས་སློབ་ཆེན་མི་རིགས་རིག་གནས་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་། ཡུན་ནན་མི་རིགས་སློབ་ཆེན་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་དང་ཡུན་ནན་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པ་རེད།
  ཐེངས་འདིའི་སྐོར་སྐྱོད་འགྲེམ་སྟོན་གྱིས་སེམས་ཀྱི་ཉི་ཟླའི་བོད་ཀྱི་རིག་གནས་ཀྱི་དར་སྤེལ་ཞེས་པ་བརྗོད་གཞིར་བཟུང་ནས། སེམས་ཀྱི་ཉི་ཟླའི་ཆོས་ལུགས་དང་རིག་གནས། བཟའ་བཏུང་། མཛེས་ལྗོངས། བོད་ཀྱི་གསོ་རིག  རྩོམ་རིག་སོགས་བརྗོད་བྱར་བྱས་ཏེ་འགྲེམ་སྟོན་ཁུལ་བརྒྱད་དུ་བཀར་འདུག དེ་ལས་གཞན་བོད་ཀྱི་གྱོན་ཆས་གྱོན་པ་དང་བོད་ཟས་ཟ་བ། དྲི་བ་དྲིས་ལན་བཅས་དམིགས་བསལ་གྱི་འགྲེམ་སྟོན་ཁུལ་གསུམ་བཀར་ནས་ཁོན་མིན་རྩིས་བཟོ་སློབ་ཆེན་གྱི་སློབ་གྲོགས་རྣམས་ལ་བོད་ཀྱི་རིག་གནས་ཉམས་སུ་མྱོང་དུ་བཅུག
  ཐེངས་འདིའི་བྱ་འགུལ་གྱིས་སློབ་གྲྭ་དེ་གའི་དགེ་སློབ་རྣམས་ལ་བོད་ཀྱི་རིག་གནས་རྒྱུས་ལོན་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཞིང་། བོད་ཀྱི་རིག་གནས་སློབ་སྦྱོང་དང་དར་སྤེལ་བྱེད་པར་ནུས་པ་ཆེན་པོ་ཐོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།