བོད་ཡིག་འཚོལ་བཤེར་དང་དྲི་བ་དྲིས་ལན་མ་ལག་འདོན་སྤེལ་གྱི་གྲོས་ཚོགས་ལན་ཀྲུའུ་དང་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-14 10:18:00 ཀློག་གྲངས།:


ལན་ཀྲུའུ་རུ་བཞུགས་མོལ་གྲོས་ཚོགས་བསྡུས་པ།

  ཟླ4བའི་ཚེས8ཉིན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་བོད་ལུགས་གསོ་རིག་བསྟན་བཅོས་ཕྱི་མོ་གྲངས་འཛིན་ཅན་གྱི་ཞིབ་འཇུག་ཁང་བཅས་སུ་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། རྨང་གཞི་རང་བཞིན་གྱི་གཞུང་ལུགས་ཞིབ་འཇུག་གི་རྟོག་ཞིབ་ནས་བཟུང་བོད་ཡིག་འཚོལ་བཤེར་མ་ལག་དང་བོད་ཡིག་དྲི་བ་དྲིས་ལན་མ་ལག་ཞིབ་འཇུག་འདོན་སྤེལ་བྱེད་འགོ་བརྩམས་པ་རེད།
  ཚོགས་འདུའི་སྟེང་བོད་ཡིག་འཚོལ་བཤེར་མ་ལག་གི་ངོས་འཛིན་དང་སྤྱི་ཚོགས་ཀྱི་ཕན་འབྲས། ཞབས་ཞུ་བྱ་ཡུལ་སོགས་ལ་རྩད་སྡུར་རྒྱ་ཆེན་པོ་བྱས་ནས། སོ་སོས་གནད་དུ་འཐིངས་པའི་ལྟ་བ་བརྗོད་པ་རེད། བྱེ་བྲག་ཏུ་དཀྱིལ་སྙིང་གི་ལག་རྩལ་གཙོར་བྱས་ནས་བོད་ཡིག་འཚོལ་བཤེར་མ་ལག་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱས་པའི་གྲུབ་འབྲས་དང་མིག་སྔར་གསོག་ཉར་བྱས་པའི་ཐོན་ཁུངས་ཀྱི་གནས་ཚུལ་སོགས་ཕན་ཚུན་ལ་བརྗེ་རེས་བྱས་པ་རེད།


ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲའོ་ཡུན་ལགས་ཀྱིས་འཚོལ་བཤེར་མ་ལག་འདོན་སྤེལ་གྱི་བྱེ་བྲག་གི་བྱེད་ཐབས་གླེང་བཞིན་པ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ་ལགས་ཀྱིས་དཀྱིལ་སྙིང་གི་ལག་རྩལ་དང་གསོག་ཉར་ཐོན་ཁུངས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ཟི་ལིང་དུ་བཞུགས་མོལ་གྲོས་ཚོགས་བསྡུས་པ།

  བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་གྱི་བྱེ་བྲག་གི་བྱེད་ཐབས་སོ་སོ་ལ་དབྱེ་ཞིབ་དང་དེའི་དཀྱིལ་སྙིང་གི་ལག་རྩལ་གསལ་སྟོན་བྱས་པར་བརྒྱུད་ནས། བོད་ཡིག་འཚོལ་བཤེར་མ་ལག་ཞིབ་འཇུག་འདོན་སྤེལ་ཐད་གཅིག་མཐུན་གྱི་ལྟ་བ་གྲུབ་པ་སྟེ། བོད་ཡིག་འཚོལ་བཤེར་དང་དྲི་བ་དྲིས་ལན་མ་ལག་འདོན་སྤེལ་བྱེད་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་པས་གོ་སྐབས་དམ་འཛིན་སྒོས་ལས་གཞི་ལག་བསྟར་བྱེད་པ་དང་། སློབ་ཆེན་གྱི་ཆེད་མཁས་པ་རྣམས་ལ་བོད་ཡིག་འཚོལ་བཤེར་མ་ལག་སློབ་ཁྲིད་བྱེད་པའི་ཁྱབ་ཁོངས་སུ་གཞུང་ལུགས་ཞིབ་འཇུག་དང་རྨང་གཞི་རང་བཞིན་གྱི་གསོག་ཉར་ཐོན་ཁུངས་མི་ཉུང་བ་འདུག་པས། ཁོང་ཚོས་རིག་སྟོབས་ཀྱི་རྒྱབ་སྐྱོར་གནང་ངེས་ཚུལ་བསྟན་པའི་ཁར།  ཆེད་མཁས་པ་རྣམས་ཀྱིས་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་བྱེད་པའི་དཀྱིལ་སྙིང་གི་ལག་རྩལ་ཐད་ད་དུང་གནད་དོན་དང་དཀའ་ཁག་མི་ཉུང་བ་ཞིག་འདུག་པས་སྐད་བརྡའི་ཁྱབ་ཁོངས་ཀྱི་ཆེད་མཁས་རྣམས་ལ་བློ་འདྲི་བའི་དགོངས་འཆར་བཏོན་པ་རེད།


ཆེད་མཁས་པ་རྣམ་གཉིས་ལ་གདན་ཐོབ་དཔང་ཡིག་གནང་བ།

  ཚོགས་འདུའི་སྟེང་། འགོ་གཙོ་ཚེ་ལོ་ལགས་ཀྱིས་བོད་ཡིག་བྱ་ར་དང་དྲི་ལན་མ་ལག་སྔོན་འདོན་ལས་གཞིའི་གནས་ཚུལ་དང་མཉམ་འབྲེལ་གྱི་འདོད་བློ་ཞུ་བ་དང་། ཐོག་མར《མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ཝང་ཧི་ཧྥུན་སོགས་བློ་མཐུན9མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་གདན་ཆེད་མཁས་པར་གདན་ཞུ་བྱེད་པར་མོས་མཐུན་བྱུང་བའི་ཆོག་མཆན》ཁྱབ་སྒྲོག་བྱས་པ་མ་ཟད་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཆེད་མཁས་པ་གཉིས་པོར་གདན་ཐོབ་ཀྱི་དཔང་ཡིག་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།