བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཁཱན་པེ་ར་སློབ་ཆེན་དུ་འཆད་ཁྲིད་གནང་བ།
དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དབང་མོ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ4པའི་ཚེས12ཉིན། བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཨོ་སི་ཁྲུ་ལི་ཡའི་ཁཱན་པེ་ར་སློབ་ཆེན་དུ་བོད་ལྗོངས་ཀྱི་སྐྱེ་ཁམས་དང་གནས་སྐོར། རིག་གནས། སློབ་གསོ་སོགས་བརྗོད་གཞིར་བྱས་པའི་འཆད་ཁྲིད་གནང་བ་རེད།
བོད་ལྗོངས་སློབ་ཆེན་གྱི་གནས་སྐོར་དང་ཕྱི་སྐད་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དབང་མོ་ལགས་ཀྱིས་བོད་ལྗོངས་ཀྱི་སློབ་གསོའི་འཕེལ་རྒྱས་ཐད་ནས་མཚམས་སྦྱོར་ཆ་ཚང་ཞིག་གནང་ལ། དེའི་རྗེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཟླ་བ་ཚེ་རིང་ལགས་ཀྱིས《བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ》ཅེས་པའི་གཏམ་བཤད་གནང་ནས་བོད་ལྗོངས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་དང་མིག་སྔའི་གནས་བབ་བརྗོད་པ་རེད།
ཐེངས་འདིའི་རིག་གནས་སྤེལ་རེས་ཁྲོད་ཀྱི་བརྗོད་གཞི་སྟེ་བོད་ལྗོངས་ཀྱི་གནས་སྐོར་དང་སློབ་གསོ་སོགས་ནི་དམའ་འབྲིང་རིམ་པའི་སློབ་གསོ་དེ་བོད་ལྗོངས་སུ་གོང་དུ་སྤེལ་ཚུལ་དང་བོད་ཡིག་སློབ་ཁྲིད་ཀྱི་གོང་སྤེལ། མཐོ་རིམ་སློབ་གསོའི་དགེ་འོས་ཐོན་ཁུངས་སོགས་སུ་འབྲེལ་བའི་ཁར། བོད་ལྗོངས་གནས་སྐོར་དང་འབྲེལ་བའི་གསལ་འདེབས་དང་མཐོ་སྒང་གི་འཛེམ་བྱ། གནས་སྐོར་བགྲོད་ལམ་གྱི་ཚོད་དཔྱད། སྐྱེ་ཁམས་སྲུང་སྐྱོབ་སོགས་སུ་འབྲེལ་བ་ཆེན་པོ་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com