སི་ཁྲོན་གྱིས་སློབ་ཡོན་མི་དགོས་པར་དགེ་འོས་སློབ་མ་སྐྱེད་སྲིང་བྱས་ནས་བོད་ཁམས་སུ་རོགས་སྐྱོར་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-17 11:16:00 ཀློག་གྲངས།:
  སི་ཁྲོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་སྟོན་ཁ་ནས་བཟུང་སི་ཁྲོན་ཞིང་ཆེན་གྱིས་སློབ་ཡོན་མི་དགོས་པར་སྡེ་བའི་འགན་བབ་སློབ་གསོ་སློབ་གྲྭར་ལས་ཀ་ངེས་གཏན་གྱི་དགེ་འོས་སློབ་མ2000སྐྱེད་སྲིང་བྱེད་རྒྱུ་རེད།
  ལས་ཀ་ངེས་གཏན་བྱས་པའི་དགེ་འོས་སློབ་མ་དེ་དག་ནི་གཙོ་བོ་ལོ་དེར་སི་ཁྲོན་ཞིང་ཆེན་གྱི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་ཁྲོད་བསྡུ་རྒྱུ་ཡིན་པ་དང་། དེ་ལས་དངོས་གཞི་སློབ་མ་གཙོར་བྱས་ནས་ཞོར་དུ་ཆེད་ཚན་སློབ་མ་ཉུང་ཤས་ཤིག་བསྡུ་རྒྱུ་རེད། གཙོ་བོ་མི་རིགས་ས་ཁུལ་གྱི་སློབ་ཆུང་ལ་བོད་རྒྱ་སྐད་གཉིས་རྟོགས་པའི་དགེ་རྒན་དང་། སྡེ་བའི་སློབ་གྲྭ་ཆུང་འབྲིང་ལ་གླུ་དབྱངས་དང་རྩལ་སྦྱོང་། མཛེས་རིས་སོགས་ཀྱི་དགེ་རྒན་སྐྱེད་སྲིང་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།