ཡུན་ནན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
ཡུན་ནན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ།
ཟླ4པའི་ཚེས15ཉིན། ཡུན་ནན་གྱི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དེ་ཡུན་ནན་མི་རིགས་སློབ་ཆེན་དུ་བཙུགས་ནས་སྒོ་བྱང་བཀལ་བ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དོན་གྲུབ་དབང་འབུམ་ལགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་བཅས་སྒོ་བྱང་འགལ་བའི་མཛད་སྒོ་ལ་ཞུགས་ཤིང་གསུང་བཤད་གནང་བ་རེད།
ཡུན་ནན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲིན་ཁྲའོ་ཏང་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཙུགས་རྗེས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གལ་ཆེན་དག་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཞིང་། ཡུན་ནན་ཞིང་ཆེན་ལ་རྐང་བཙུགས་ནས། ཡུན་ནན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གི་དགེ་མཚན་མུ་མཐུད་དུ་གཅིག་བསྡུས་བྱས་ཏེ་བོད་རིག་པའི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་དང་རིག་གཞུང་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་རེད།
ཡུན་ནན་མི་རིགས་སློབ་ཆེན་ནི་ཞིང་ཆེན་ནང་ཁུལ་དུ་བོད་ཀྱི་སྐད་བརྡ་དང་རྩོམ་རིག་གི་དངོས་གཞིའི་ཆེད་ལས་ཡོད་པའི་སློབ་ཆེན་ཁོ་ན་ཡིན་ཞིང་། སློབ་ཆེན་འདི་གས་མི་རིགས་ཞིབ་འཇུག་དང་བོད་ཀྱི་རིག་གནས་ཀྱི་ཁྲིད་དཔྱོད་བྱ་བར་ཤུགས་བཏོན་ནས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་འཛིན་སྤེལ་དང་ཡུན་ནན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཐད་ལ་བྱས་རྗེས་མི་དམན་པ་བསྐྲུན་ཡོད་པ་རེད།
སྒོ་བྱང་འགེལ་བའི་མཛད་སྒོའི་རྗེས་སུ། ཡུན་ནན་བོད་ཁུལ་གྱི་རི་ཆུའི་རིག་གནས་དང་རྒྱུན་མཐུད་འཕེལ་རྒྱས་ཞེས་པའི་རིག་གཞུང་གྲོས་ཞིབ་ཚོགས་འདུ་བསྡུས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com