ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ལྗོངས་སློབ་ཆེན་གྱི་དཔྱད་འབྲས་གཉིས་ལ་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ཐོབ་པ།
བོད་ལྗོངས་སློབ་ཆེན་གྱི་དཔྱད་འབྲས་གཉིས་ལ་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ཐོབ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-04-18 10:32:00
ཀློག་གྲངས།:
ཉེ་ཆར། སློབ་གསོ་པུའི་ཆེད་མཁས་ཀྱི་དཔྱད་སྡུར་དང་གསལ་བསྒྲགས་བྱས་པར་བརྒྱུད་ནས། སྐབས་དྲུག་པའི་མཐོ་རིམ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ཁྱབ་བསྒྲགས་བྱས་པ་སྟེ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་འདུན་འཕེལ་རྒྱས་ལགས་ཀྱིས་གཙོ་སྒྲིག་བྱས་པའི《བོད་ལྗོངས་ཀྱི་གནའི་དབྱངས་རྟགས་ཞིབ་འཇུག》ཅེས་པ་དང་། རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ནོར་བུ་ལགས་ཀྱིས་བརྩམས་པའི《དགའ་ལྡན་ཕོ་བྲང་སྐབས་ཀྱི་བོད་ལྗོངས་ཀྱི་ལོ་རྒྱུས་སྤྱི་བཤད་དེ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྲིད་གསར་བཅོས་སྒྱུར》ཞེས་པར་བརྩམས་ཆོས་རིགས་ཀྱི་བྱ་དགའ་ཨང་གཉིས་པ་དང་བྱ་དགའ་ཨང་གསུམ་པ་ཐོབ་ཅིང་། དེ་ནི་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་ལ་ཐོབ་པའི་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དྲུག་པའི་མཐོ་རིམ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ལ་ཁྱོན་བསྡོམས་བྱ་དགའ830ཡོད་པ་སྟེ། བྱ་དགའ་ཨང་དང་པོ45དང་། བྱ་དགའ་ཨང་གཉིས་པ250། བྱ་དགའ་ཨང་གསུམ་པ518། དཔྱད་འབྲས་ཁྱབ་བརྡལ་གྱི་བྱ་དགའ17བཅས་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དྲུག་པའི་མཐོ་རིམ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ལ་ཁྱོན་བསྡོམས་བྱ་དགའ830ཡོད་པ་སྟེ། བྱ་དགའ་ཨང་དང་པོ45དང་། བྱ་དགའ་ཨང་གཉིས་པ250། བྱ་དགའ་ཨང་གསུམ་པ518། དཔྱད་འབྲས་ཁྱབ་བརྡལ་གྱི་བྱ་དགའ17བཅས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།