ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > གནའ་རྫས་རྟོག་དཔྱོད་པས་མཚོ་ལྷོ་ཁུལ་དུ་གནའི་སྐྱེ་དངོས་ཀྱི་འགྱུར་རྡོ་རྙེད་པ།
གནའ་རྫས་རྟོག་དཔྱོད་པས་མཚོ་ལྷོ་ཁུལ་དུ་གནའི་སྐྱེ་དངོས་ཀྱི་འགྱུར་རྡོ་རྙེད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-04-19 09:11:00
ཀློག་གྲངས།:
ཟླ4པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་མང་བོའི་རིང་ལ་ཁོང་ཚོས་གནའ་རྫས་རྟོག་དཔྱོད་ཀྱི་ཆེད་མཁས་རྩ་འཛུགས་བྱས་ནས་གསེར་ཆེན་གཞོངས་ལ་རྟོག་ཞིབ་བྱེད་དུས། ཆབ་ཆ་གྲོང་རྡལ་གྱི་ཉེ་འཁོར་དུ་གནའི་སྐྱེ་དངོས་ཀྱི་འགྱུར་རྡོ་མང་པོ་ཞིག་རྙེད་པ་རེད།
གནའ་རྫས་རྟོག་དཔྱོད་པས་མཚམས་སྦྱོར་བྱས་པ་ལྟར་ན། གླང་ཆེན་མཆེ་བ་རྣོན་པོ་ཅན་དང་སའེ་མུན་རྟའི་རིགས། གཙོད། རྨིག་པ་ཁ་དབྲག་རིགས་ཀྱི་བ་གླང་། གཙོད་སོགས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་རྙེད་ཅིང་། གནའི་སྐྱེ་དངོས་རིག་པ་དང་ས་གཤིས་རིག་པའི་ངོས་ཐད་ནས་ཞིབ་འཇུག་བྱས་ན། འགྱུར་རྡོ་དེ་དག་དུས་ད་ལྟའི་བར་དུ་ལོ་ངོ་འབུམ་གཉིས་གསུམ་ནས་ས་ཡ་གཅིག་གི་ལོ་རྒྱུས་ཡོད་པ་རེད།
དེའི་མཚུངས་སུ་གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱིས་ཚལ་རྔ་འགག་གློག་འདོན་ས་ཚིགས་ནས་རྡོ་ཆས་རྙིང་བའི་དུས་ཀྱི་གནའ་ཤུལ་ཞིག་རྙེད་པར་མ་ཟད། རྡོ་ཆས་ཀྱི་དམར་དཔེ་མང་པོ་འཚོལ་བསྡུ་བྱས། དེ་ལས་གཞན་གནའ་ཤུལ་དུ་རྡོའི་གཙབ་གདན་དང་། གཏོར་ཆས། རྡོའི་ཐོ་བ་སོགས་རྡོ་ཆས་མང་པོ་རྙེད་པ་རེད།
གནའ་རྫས་རྟོག་དཔྱོད་པས་བཤད་རྒྱུར། གནའི་སྐྱེ་དངོས་འགྱུར་རྡོ་དེ་དག་གིས་གསེར་ཆེན་གཞོངས་ཀྱི་ས་གཤིས་ལོ་རྒྱུས་དང་རྨ་ཆུའི་སྟོད་རྒྱུད་ཀྱི་བྱུང་འཕེལ་ལ་ཞིབ་འཇུག་བྱེད་པར་ནུས་པ་གལ་ཆེན་ཐོན་འདུག་ཅེས་ཟེར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།