ཁྲི་ཀ་ཆུ་ནུབ་བཅའ་སྡོད་སློབ་གྲྭར་བཟའ་བཏུང་ཞབས་ཞུའི་དཔེ་སྟོན་ལས་ཁུངས་ཀྱི་མཚན་བཟང་ཐོབ།
ཁྲི་ཀ་ཆུ་ནུབ་བཅའ་སྡོད་སློབ་གྲྭར་བཟའ་བཏུང་ཞབས་ཞུའི་དཔེ་སྟོན་ལས་ཁུངས་ཀྱི་མཚན་བཟང་ཐོབ།
ཟླ4བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱིས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ཞབས་ཞུའི་དཔེ་སྟོན་ལས་ཁུངས་ལ་གཟེངས་རྟགས་མཚན་བྱང་གནང་བའི་མཛད་སྒོའི་སྟེང་། ཁྲི་ཀ་རྫོང་ཆུ་ནུབ་བཅའ་སྡོད་སློབ་གྲྭར་མཚོ་སྔོན་ཞིང་ཆེན་བཟའ་བཏུང་ཞབས་ཞུའི་ཟས་རིགས་བདེ་འཇགས་དཔེ་སྟོན་ལས་ཁུངས་ཀྱི་མཚན་བཟང་གསོལ།
ཆུ་ནུབ་བཅའ་སྡོད་སློབ་གྲྭས་བཟའ་བཏུང་གི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ་དང་དགེ་སློབ་རྣམས་ལ་ཞབས་ཞུ་བཟང་བོ་སྒྲུབ་པར། སློབ་མའི་བཟའ་བཏུང་ནི་སློབ་གྲྭའི་བྱ་བའི་གཙིགས་སུ་བཟུང་ཞིང་། དགེ་སློབ་ཀྱི་ཟས་རིགས་འཕྲོད་བསྟེན་བདེ་འཇགས་བྱ་བར་མཐོང་ཆེན་ཆེན་མོ་སྒོས་དགེ་སློབ་རྣམས་ཡིད་ཚིམ་པའི་གསོལ་ཁང་འཛུགས་པ་དམིགས་སུ་བཟུང་སྟེ“སློབ་མ་གཞི་རྩ་དང་། ཞབས་ཞུ་སྤུས་ལེགས། བདེ་འཇགས་འགན་སྲུང་། ཕུལ་བྱུང་བརྩོན་ལེན”གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། བྱ་བའི་ལམ་ལུགས་ལེགས་བཅོས་དང་དོ་དམ་བྱ་ཐབས་དྲག་ཏུ་བཏང་ཞིང་། ལྟ་སྐུལ་ལམ་ལུགས་གཟབ་ནན་གྱིས་བསྟར་ཏེ། འབྲེལ་ཡོད་སྡེ་ཁག་གིས་དུས་ངེས་མེད་དུ་ལྟ་ཞིབ་དང་། སློབ་གྲྭས་གཟའ་འཁོར་རེར་ལྟ་ཞིབ། གསོལ་ཁང་དོ་དམ་པས་ཉིན་རེར་ལྟ་ཞིབ་བཅས་བྱས་ཏེ་སློབ་གྲྭའི་གསོལ་ཁང་གི་བཟའ་བཏུང་བདེ་འཇགས་ངང་འཁོར་བསྐྱོད་བྱེད་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com