བོད་བརྒྱུད་ནང་བསྟན་མཐོ་རམས་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-26 10:05:00 ཀློག་གྲངས།:

        ཟླ4བའི་ཚེས21ཉིན་གྱི་སྔ་དྲོ། བོད་བརྒྱུད་ནང་བསྟན་མཐོ་རམས་པའི་གསོ་སྦྱོང་འཛིན་གྲྭའི་མཛད་སྒོ་པེ་ཅིང་དུ་བསྡུས་ཤིང་། བོད་ལྗོངས་དང་། ཆབ་མདོ། ཉིང་ཁྲི། ལྷ་ཁ། གཞིས་ཀ་རྩེ། ནག་ཆུ་སོགས་ས་ཁུལ་ནས་ཡོང་བའི་རྡོ་རམས་པ19ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་གོ་སྐབས་བྱུང་།
        “མཐོ་རམས་པ”མཐོ་རིམ་ཡོན་གནས་ལམ་ལུགས་ནི2005ལོར་འབྲེལ་ཡོད་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་མི་སྣས་རྩ་འཛུགས་བྱས་ཏེ་བཙུགས་པ་ཞིག་ཡིན་ཞིང་། དེས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོར་ཁ་གཏད་དེ་དགོན་པའི་ནང་བསྟན་སློབ་རྒྱུགས་ཀྱི་རྣམ་པ་སྤྱད་པ་དང་མཚུངས་སུ་དེང་རབས་སློབ་གསོའི་བྱ་ཐབས་ཀྱང་སྦྱར་ནས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཤེས་ལྡན་གྲྭ་བཙུན་སྐྱེད་སྲིང་བྱེད་པ་རེད། ལམ་ལུགས་འདི་ལག་བསྟར་བྱས་པ་ནས་བཟུང་། མིག་སྔར་གྲྭ་བཙུན88ལ་རྡོ་རམས་པའི་མཐོ་རིམ་ཡོན་གནས་ཐོབ། ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་གྲྭ་བཙུན19ནི་བོད་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་སོ་སོའི་རྐང་འཛིན་ཡིན་ཏེ་ནང་བསྟན་གྱི་ཤེས་རྒྱ་ཟབ་ཅིང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན།
        ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཙོའམ་བླ་མ་འཇམ་དབྱངས་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་བརྒྱུད་ནང་བསྟན་ཡོན་གནས་ལམ་ལུགས་ལག་བསྟར་བྱེད་པའི་ལས་ཁུངས་ཤིག་ཡིན་པའི་ཆ་ནས། ད་ལོའི་སྟོན་ཁར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྐབས་དང་པོའི་འབྲིང་རིམ་ཡོན་གནས་གནང་བའི་བྱ་འགུལ་དང་། སྐབས་གཉིས་པའི་སློབ་དཔོན་དཔྱད་གདན། སྐབས་དགུ་བའི“མཐོ་རམས་པ”མཐོ་རིམ་ཡོན་གནས་གནང་བའི་བྱ་འགུལ་བཅས་སྤེལ་འཆར་ཡོད་པ་རེད།
        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཆེད་དོན་འཆད་ཁྲིད་དང་བགྲོ་གླེང་ཚོགས་འདུ་ལས་གཞན་ད་དུང་། ནང་ལོག་གི་ཞིང་ཆེན་དང་གྲོང་ཁྱེར་འགར་གཟིགས་ཞིབ་ཏུ་ཕེབས་པའི་བྱ་འགུལ་སྤེལ།
        ཐེངས་འདིའི་གསོ་སྦྱོང་ནི་ཏག་ཏག་གཡག་རྔར་ས་འགུལ་བྱུང་བའི་དུས་དང་འཕྲད་པས།  ཐེངས་འདིའི་གསོ་སྦྱོང་དུ“མཐོ་རམས་པ”མཐོ་རིམ་ཡོན་གནས་ཐོབ་མཁན་གྲྭ་བཙུན་དག་གིས་ཆེད་དུ་གཡག་རྔ་ས་འགུལ་ཁྲོད་རྐྱེན་ལས་འདས་པའི་མི་རྣམས་ལ་བསྔོ་སྨོན་ཞུས་ཤིང་། སོ་སོས་རང་ཉིད་ཀྱི་བྱ་ཐབས་སྤྱད་ནས་གཡག་རྔར་རོགས་རམ་སྒོས་ཚེ་སྲོག་གང་མང་སྐྱོབ་ཐུབ་ན་སྙམ་པའི་འདོད་བློ་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།