མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐབས37པའི་ལུས་རྩལ་འགྲན་ཚོགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-27 10:03:00 ཀློག་གྲངས།:


འཛིན་གྲྭ་སོ་སོ་ཕྲེང་བསྒྲིགས་ནས་ལུས་རྩལ་ར་བར་ཡོང་བཞིན་པ།
海南州第一民族高级中学第37届田劲运动会拉开帷幕
ལག་ཏུ་ཁ་བཏགས་བཟུང་ནས་འགྲན་ཚོགས་ལ་བསུ་བ།

འགྲན་ཚོགས་ལ་མདོ་འཛིན་བྱེད་བཞིན་པ།

  ཟླ4པའི་ཚེས26ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སྐབས37པའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་བརྩམས་ཤིང་། སློབ་གྲྭ་དེ་གའི་ལུས་རྩལ་ར་བའི་ཁྱོན་དུ་ཁ་དོག་རྣམ་པར་བཀྲ་བའི་དར་ཆ་བསྒྲེངས་འདུག་ལ། སློབ་མ་རྣམས་ཀྱིས་ལུས་ལ་འཛིན་གྲྭ་སོ་སོའི་གཅིག་མཐུན་གྱི་གྱོན་ཆས་གྱོན་ཞིང་ལག་ཏུ་དག་གཙང་གི་ལྷ་རྫས་ཁ་བཏགས་བཟུང་ནས། གཅིག་རྗེས་གཉིས་མཐུད་ཀྱིས་ལུས་རྩལ་ར་བའི་ནང་དུ་ཡོང་ནས་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན།
  མཛད་སྒོའི་སྟེང་དགེ་སློབ་ཁག་གིས་སྔ་མོ་ནས་གྲ་སྒྲིག་བྱས་པའི་གླུ་དང་ཞབས་བྲོ་སོགས་ཀྱི་ལྟད་མོ་ཕུན་སུམ་ཚོགས་པ་ཀུན་གྱི་མཐོང་ལམ་དུ་མངོན་པས། སློབ་རའི་ཁོར་ཡུག་ཀུན་ཏུ་དགའ་བའི་དཔལ་གྱིས་བརྟས་པ་རེད།


འགོ་རྩོམ་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།

འགོ་རྩོམ་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།

འཛིན་གྲྭ་སོ་སོ་ལུས་རྩལ་ར་བར་ཕྲེང་བསྒྲིགས་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།