ཀན་ལྷོ་ཁུལ་རིག་གནས་ཁང་གིས་བོད་ཀྱི་དམངས་གླུ་ལ་སྲུང་སྐྱོབ་བྱེད་པ།
《ཀན་ལྷོའི་བོད་རིགས་དམངས་གླུ་ཕྱོགས་བསྒྲིགས》ཀྱི་མ་ཟིན་ལྔ་བ།
《ཀན་ལྷོའི་བོད་རིགས་དམངས་གླུ་ཕྱོགས་བསྒྲིགས》ཀྱི་མ་ཟིན་ལྔ་བ་རྩོམ་སྒྲིག་བྱས་ནས་པར་བསྐྲུན་འགྲེམ་སྤེལ་བྱེད་གྲབས་ཡོད་ལ། དེའི་ཁྲོད་དུ་གླུ་དང་ལ་གཞས། མགུར། བྲོ་གླུ་བཅས་པོ་ཏི་བཞི་རུ་བགོས་ཡོད་ཅིང་། པར་རིས་ཀྱང་མང་པོ་བཀོད་འདུག
ཀན་ལྷོ་ཁུལ་རིག་གནས་ཁང་གི་འགོ་གཙོ་མཱ་ཆིན་ལུའུ་ལགས་བཤད་རྒྱུར། ཀན་ལྷོ་ཁུལ་ལ་མཚོན་ན་ཡུལ་ཁོངས་སོ་སོའི་བར་གྱི་ཡུལ་སྐད་ཕན་ཚུན་གྱི་ཧེ་བག་ཅུང་ཆེ་ཞིང་། བསང་ཆུ་དང་རྨ་ཆུའི་ཕྱོགས་དང་། འབྲུག་ཆུ་དང་ཐེ་བོ་ཕྱོགས་ཀྱི་དམངས་གླུ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པས། ཕྱོགས་སོ་སོ་ནས་ཡུལ་ཁོངས་སོ་སོའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཐུབ་ཅེས་བརྗོད་པ་རེད།
ཀན་ལྷོ་ཁུལ་རིག་གནས་ཁང་གིས2007ལོ་ནས་བཟུང་ཡུལ་སོ་སོ་ནས་རྒྱུ་ཆ་འཚོལ་བསྡུ་བྱས་ནས་ཁྱོན་བསྡོམས་དམངས་གླུ1200འཚོལ་བསྡུ་བྱས་པ་དང་། དེའི་ཁྲོད《ཀན་ལྷོའི་བོད་རིགས་དམངས་གླུ་ཕྱོགས་བསྒྲིགས》དུ་དམངས་གླུ780འཇོག་རྒྱུའི་ཐག་བཅད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com