བོད་ལྗོངས་གཞིས་ཀ་རྩེ་རུ་ན་གཞོན་རིག་གནས་དུས་ཆེན་ཐོག་མ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-06 09:22:00 ཀློག་གྲངས།:

日喀则地区各高中团员正在观看展览
གཞིས་ཀ་རྩེ་ས་ཁུལ་གྱི་མཐོ་འབྲིང་སོ་སོའི་གུང་གཞོན་ཚོགས་མི་རྣམས་ཀྱིས་འགྲེམ་སྟོན་ལ་གཟིགས་བཞིན་པ།

  ཟླ5པའི་ཚེས4ཉིན། གཞིས་ཀ་རྩེ་ས་ཁུལ་དུ་སྐབས་དང་པོའི་ན་གཞོན་རིག་གནས་དུས་ཆེན་སྤེལ་བ་རེད།
  གཞིས་ཀ་རྩེ་ས་ཁུལ་གྱི་དཀྱིལ་སྙིང་ཐང་ཆེན་དུ་ན་གཞོན1000ལྷག་ལྷན་དུ་འཛོམས་ནས་རིག་གནས་དུས་ཆེན་གྱི་འགོ་རྩོམ་མཛད་སྒོ་ལ་ཞུགས་ཤིང་། མཛད་སྒོའི་སྟེང་སློབ་གྲྭ་སོ་སོ་ནས་ཡོང་བའི་སློབ་མ་རྣམས་ཀྱིས་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་འཁྲབ་སྟོན་བྱས་ནས།  སྐྱེ་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་རྣམས་ཀྱི་ཁྱད་ཆོས་མངོན་པར་བརྗོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཟླ་གཅིག་རིང་གི་རིག་གནས་དུས་ཆེན་སྟེང་སྐབས་དང་པོའི་གཞིས་ཀ་རྩེ་ས་ཁུལ་གྱི་ལྔ་བཞི་ན་གཞོན་རིག་གནས་དུས་ཆེན་གྱི་འགོ་རྩོམ་མཛད་སྒོའམ་སྐབས་དང་པོའི་གཞིས་ཀ་རྩེ་ས་ཁུལ་གྱི་ན་གཞོན་རྣམས་ཀྱི་ཡིག་གཟུགས་དང་། མཛེས་རིས། པར་རིས་བརྩམས་ཆོས་བཅས་འགྲེམ་སྟོན་བྱེད་རྒྱུ་ཡིན་པར་མ་ཟད། སྐབས་གཉིས་པའི་གཞིས་ཀ་རྩེ་ས་ཁུལ་གྱི་ཁྲོམ་འཁྲབ་ཞབས་བྲོ་འགྲན་སྡུར་དང་ན་གཞོན་གླུ་བའི་འགྲན་སྡུར་སོགས་བྱ་འགུལ་མང་པོ་སྤེལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།