ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་ལྔ་བཞི་གཞོན་ནུ་དུས་ཆེན་གྱི་རིག་རྩལ་བྱ་འགུལ་སྤེལ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-07 08:47:00 ཀློག་གྲངས།:

ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་ལྔ་བཞི་གཞོན་ནུ་དུས་ཆེན་གྱི་རིག་རྩལ་བྱ་འགུལ་སྤེལ།
ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་ལྔ་བཞི་གཞོན་ནུ་དུས་ཆེན་གྱི་རིག་རྩལ་བྱ་འགུལ་སྤེལ།

        ཉེ་ཆར།  ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་ལྔ་བཞི་གཞོན་ནུ་དུས་ཆེན་བསུ་བའི་རིག་རྩལ་བྱ་འགུལ་དེ་ཐེམ་ཆེན་རྫོང་གི་རིག་གནས་ཐང་ཆེན་དུ་སྤེལ།
        བྱ་འགུལ་ཁྲོད།  སློབ་མ་ཡོངས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་འཆོར་སྤྲོས་ཤིང་།  འཁྲབ་སྟོན་གྱི་ནང་དོན་ལ་གཙོ་བོར། ཞབས་བྲོ་དང་། དམངས་གླུ། རྡུང་ལེན།  ཁ་ཤགས་སོགས་ཡོད་ལ། དེ་ལས་ཡིད་དབང་འཕྲོག་པའི་ཞབས་བྲོ་དང་། སྙན་ཞིང་འཇེབས་པའི་གླུ་སྐད།  དགོད་བྲོ་བའི་བཞད་གར་སོགས་འཁྲབ་སྟོན་བྱས་ནས་དུས་ཆེན་ལ་བསུ་བ་བྱས་ཤིང་། རིག་རྩལ་འཁྲབ་སྟོན་དེ་ལས་སློབ་མ་རྣམས་ཀྱིས་སྟོབས་འབྱོར་དང་འཆམ་མཐུན་གྱི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་རེ་བ་དང་ཡིད་ཆེས་མངོན་པར་བྱས།
        བྱ་འགུལ་གྱི་ཡུལ་དངོས་ནས། ཕུན་སུམ་ཚོགས་པའི་རིག་རྩལ་གྱི་ལེ་ཚན30ལྷག་འཁྲབ་སྟོན་བྱས་ནས། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་མ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་འཁྲབ་སྟོན་ལ་བརྟེན་ནས་ལང་ཚོ་དར་ལ་བབས་པའི་དུས་རིམ་དེ་མཚོན་པར་བྱས་པ་དེས། སློབ་རའི་རིག་གནས་ཀྱི་མཁའ་དབུགས་དང་། སློབ་མའི་ཕྱོགས་ཡོངས་ནུས་པ་སྐྱེད་སྲིང་བྱེད་པར་སྦྱོང་བརྡར་གང་ལེགས་ཤིག་ཐོབ་པས་སློབ་རའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དགེ་མཚན་ངེས་ཅན་ཞིག་ལྡན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།