མགོ་ལོག་ཁུལ་དུ་སྐབས་གསུམ་པའི《གླིང་གེ་སར》སྒྲུང་གི་གདངས་འགྱུར་རམ་རྡུང་ལེན་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-08 10:39:00 ཀློག་གྲངས།:

  ཉེ་ཆར། མགོ་ལོག་ཁུལ་དུ་སྐབས་གསུམ་པའི《གླིང་གེ་སར》སྒྲུང་གི་གདངས་འགྱུར་རམ་རྡུང་ལེན་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་བདེ་བླག་ངང་མཇུག་རྫོགས་པ་རེད། མགོ་ཁུལ་གྱི་རྨ་ཆེན་དང་། དགའ་སྡེ། གཅིག་སྒྲིལ། པད་མ། དར་ལག་བཅས་རྫོང་ཁག་ལྔ་ནས་འོང་བའི《གླིང་གེ་སར》སྒྲུང་དང་སྒྲ་སྙན་རྡུང་ལེན་ལ་མོས་པའི་མི29ཉིན40རིང་ལ་སྤེལ་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།
  ཐེངས་འདིའི་གསོ་སྦྱོང་སྟེང་དབྱངས་ཡིག་ངོས་འཛིན་དང་། པི་ཝང་གི་རྒྱུད་ཚོད་འཛིན་བྱེད་སྟངས། གདངས་དབྱངས་ཀྱི་འགྱུར་བ་སོགས་ཀྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱས་ཤིང་། ཐེངས་འདིར་སྤེལ་བའི་གསོ་སྦྱོང་འཛིན་གྲྭ་ལ་སློབ་ཁྲིད་ཀྱི་རྣམ་པ་མང་པ་དང་། གཙོ་གནད་འབུར་དུ་ཐོན་པ། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ། སློབ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།