ལུའུ་ཞིན་རྩོམ་རིག་སློབ་གླིང་གི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ལུའུ་ཞིན་རྩོམ་རིག་སློབ་གླིང་གི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་ས་རུ་བསྡུས་པ།
ཟླ5པའི་ཚེས6ཉིན། ལུའུ་ཞིན་རྩོམ་རིག་སློབ་གླིང་གིས་སྐབས་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་དེ་བོད་ལྗོངས་ལྷ་ས་རུ་བསྡུས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཉིན22རིང་ལ་སྤེལ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ38ལྷག་ཞུགས་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ལུའུ་ཞིན་རྩོམ་རིག་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོར་བོད་ལྗོངས་སུ་བསྡུས་པ་ཡིན་ཞིང་། འགོ་རྩོམ་མཛད་སྒོའི་སྟེང་ཕུར་བུ་མཚམས་གཅོད་སོགས་རྩོམ་པ་པོ4ཡིས་གསུང་བཤད་གནང་བ་རེད།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སྟེང་མཚན་སྙན་གྲགས་ཅན་གྱི་དགེ་རྒན་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱེད་པ་དང་། ཆེད་དོན་གྲོས་ཞིབ་བྱེད་པ། སློབ་སྦྱོང་དང་ལག་ལེན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་རང་རྒྱལ་གྱི་རྩོམ་རིག་བྱ་གཞག་གོང་དུ་སྤེལ་བའི་དཔུང་སྡེའི་རྒྱ་ཇེ་ཆེ་རུ་བཏང་བ་དང་། བོད་ལྗོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ལ་ཤུགས་བཏོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com