རེབ་གོང་སྒོ་དམར་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད་པ།

རྩོམ་པ་པོ།:སྒོ་རབ་རྒྱས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-11 09:51:00 ཀློག་གྲངས།:

རེབ་གོང་སྒོ་དམར་དྲ་བ་དངོས་སུ་ཤར་གཏོང་བྱས་པ།
རེབ་གོང་སྒོ་དམར་དྲ་བ་དངོས་སུ་ཤར་གཏོང་བྱས་པ།

        ཟླ5བའི་ཚེས10ཉིན། རེབ་གོང་སྒོ་དམར་དྲ་བ་གསར་དུ་སྒོ་ཕྱེས། སྤྱིར་སྡེ་བ་ཞིག་གི་མིང་ཐོག་ནས་དྲ་ཚིགས་གཉེར་བ་ནི་ཁྱབ་རྒྱ་ཆུང་དྲགས་པ་ཞིག་ཏུ་སྣང་མོད། དེང་སང་གཞུང་སྒེར་གྱིས་གཉེར་བའི་རྩོམ་རིག་དྲ་བ་སོགས་མང་པོ་ཡོད་པས་དམིགས་བསལ་གྱི་དགོས་པར་མཐོང་བའི་ཁར། བོད་ཁམས་སྤྱིར་ཕན་པའི་དྲ་ཚིགས་ཤིག་གཉེར་བའི་བློས་བསླངས་སྒོས་སྟབས་བདེ་བའི་ལས་ཀ་འདིར་འཇུས་པ་ཡིན།
        དྲ་ཚིགས་འདི་གཉེར་བའི་དམིགས་ཡུལ་གཙོ་བོ་ནི། 《རེབ་གོང་སྒོ་དམར་སྡེ་བ》ཡུལ་སྲོལ་གོམས་གཤིས་དང་། ལོ་རྒྱུས། རིག་གནས་སྒྱུ་རྩལ་སོགས་གཞན་ལ་ངོ་སྤྲོད་བྱ་ཆེད་དང་། སྒོས་སུ་བོད་རང་གི་སྐད་ཡིག་རིག་གནས་ལ་དུང་ཞེན་ཟབ་པའི་རང་སྡེ་བའི་རྩོམ་པ་པོ་གང་མང་སྐྱེད་སྲིང་བྱ་རྒྱུ་དང་། སྡེ་གཞན་ལའང་འདི་ལྟར་དྲ་བའི་ཞིང་ས་རེ་བསྐྲུན་པར་སྐུལ་མ་བྱ་ཆེད་སོགས་ཡིན་པས། རྣམ་པ་དག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་བར་མཁྱེན་མཁྱེན།
        ཞོར་དུ་ཞུ་རྒྱུ་ཞིག་ལ། དྲ་བ་འདིའི་ལོ་གཅིག་གི་འགྲོ་གྲོན་གཏོང་མཁན་གྱི་སྦྱིན་བདག་གམ་དྲ་བ་བཟོ་མཁན་གྱི་ལག་རྩལ་པ་མཁའ་རྒྱལ་ལགས་ལ་ཆེད་དུ་བཀའ་དྲིན་ཆེ་ཞུས་པ་ཡིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།