མལ་གྲོ་གུང་དཀར་རྫོང་གི་ཐང་སྐྱ་དགོན་དུ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་རྙིང་བ་རྙེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-15 10:49:00 ཀློག་གྲངས།:
  ཉེ་ཆར། ལྷ་སའི་མལ་གྲོ་གུང་རྫོང་གིས་ཐང་སྐྱ་དགོན་པར་ཞིག་གསོ་བྱེད་པའི་སྐབས་སུ་དགོན་སྡེ་འདི་གའི་ཉི་མ་ལྷ་ཁང་གི་ཤར་ངོས་ཀྱི་གྱང་ལྡེབས་སུ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་རྙིང་བ་ཆ་ཚང་བོར་རྙེད་པ་རེད།
  ཆེད་མཁས་རྣམས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། གསར་དུ་རྙེད་པའི་ཉི་མ་ལྷ་ཁང་གི་ཤར་ངོས་གྱང་ལྡེབས་ཀྱི་ལྡེབས་རིས་དེ་སྔོན་མར་ཉི་མ་ལྷ་ཁང་གི་བྱང་ངོས་དང་ནུབ་ངོས་སུ་རྙེད་པའི་ལྡེབས་རིས་དང་བསྡུར་ན་ཅུང་སྔ་ཞིང་། ལྡེབས་རིས་ཀྱི་ནང་དོན་ཆ་ཚང་བོར་ཡོད་པའམ་ཡང་ན་ཞིབ་འཇུག་གི་རིན་ཐང་སོགས་ཕྱོགས་གང་ཐད་ནས་བལྟས་ན། བཙན་པོའི་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ལྡེབས་རིས་ཞིབ་འཇུག་ལ་དངོས་པོའི་དཔང་རྟགས་གསར་བ་ཞིག་འདོན་སྤྲོད་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།