མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-16 11:47:00 ཀློག་གྲངས།:
  ཟླ5པའི་ཚེས14ཉིན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཟི་ལིང་དུ་བསྡུས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཟླ་གཅིག་རིང་ལ་སྤེལ་རྒྱུ་ཡིན་པ་དང་། མཚོ་སྔོན་དང་ཞིང་ཆེན་གཉིས་ཀྱི་ཁྲིམས་དཔོན50ལྷག་གསོ་སྦྱོང་སྟེང་ཞུགས་ནས། བོད་རྒྱ་སྐད་གཉིས་ཀྱི་ཁྲུན་གཅོད་ཡིག་ཆའི་སྒྲིག་བཟོ་དང་སྐད་གཉིས་ཀྱི་ཁྲིམས་སའི་འདྲི་གཅོད་ལོ་ཙཱ་སོགས་ཀྱི་ཐད་གསོ་སྦྱོང་བྱེད་རྒྱུ་རེད།
  མཚོ་སྔོན་ཞིང་ཆེན་གྱིས་བོད་ཁམས་ཀྱི་མི་དམངས་ཁྲིམས་ཁང་གི་འཇོན་མིའི་ཁྲོད་བོད་རྒྱ་སྐད་གཉིས་རྟོགས་པའི་ཁྲིམས་དཔོན་དཀོན་པས། སྐད་གཉིས་འདྲི་གཅོད་བྱ་བར་ཐད་ཀར་ཤུགས་རྐྱེན་བཟོས་པར་དམིགས་ནས། བོད་རྒྱ་སྐད་གཉིས་རྟོགས་པའི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་ཐེངས་དུ་མར་སྤེལ་བ་སྟེ། 2009ལོར་མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྐད་གཉིས་རྟོགས་པའི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོར་སྤེལ་བ་ནས་བཟུང་། 2012ལོའི་ལོ་མཇུག་བར་དུ་སྐད་གཉིས་རྟོགས་པའི་ཁྲིམས་དཔོན་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་བཞི་རུ་བསྡུས་ནས། ཁྱོན་བསྡོམས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་མི་ཐེངས150ལྷག་གསོ་སྦྱོང་ལ་ཞུགས་པ་རེད།
  གསོ་སྦྱོང་ལ་ཞུགས་པའི་སྐད་གཉིས་རྟོགས་པའི་ཁྲིམས་དཔོན་རྣམས་ཀྱིས་མིག་སྔར་ཁྲིམས་སའི་སྐད་གཉིས་བྱ་བ་ཕལ་ཆེར་བསྒྲུབ་ཐུབ་ཅིང་། བཅའ་ཁྲིམས་ཀྱི་བརྡ་ཆད་ལོ་ཙཱ་དང་སྐད་གཉིས་ཀྱི་ཁྲུན་གཅོད་ཡིག་ཆའི་སྒྲིག་བཟོ་བྱེད་པའི་ནུས་པ་ལ་མཐོར་འདེགས་བྱུང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།