གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པས་ལུས་རྩལ་འགྲན་ཚོགས་བསྡུས་པ།
གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སློབ་མའི་དཔུང་སྡེ་མདུན་དུ་སྐྱོད་བཞིན་པ།
དགེ་བཟོ་བའི་དཔུང་སྡེ།
ཟླ5པའི་ཚེས29ཉིན། རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ་བ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་ཆེད། ཕྱོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་པ་དང་བསྡོངས་ནས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པས་སྐབས་དང་པོའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོ་དེ་སློབ་གྲྭའི་ལུས་རྩལ་ར་བར་བསྡུས་པ་རེད།
འགོ་རྩོམ་མཛད་སྒོའི་སྟེང་འཛིན་གྲྭ་སོ་སོ་དང་སློབ་གྲྭའི་དགེ་བཟོ་བ་སོགས་ཀྱིས་དཔུང་སྡེ་རེ་རེ་བཞིན་ཕྲེང་བསྒྲིགས་ནས། ཁོང་ཚོས་ལུས་ལ་གཟབ་མཆོར་གྱིས་སྤྲས་ཤིང་། གདོང་ལ་སྤྲོ་བའི་འཛུམ་མདངས་ཀྱིས་ཁེངས་ཏེ། དགེ་སློབ་རྣམས་དང་ཁྱིམ་བདག་རྣམས་ཀྱི་སྤྱན་ལམ་དུ་ཚར་དུ་དངར་བའི་ལྟད་མོ་ཕུན་སུམ་ཚོགས་པ་ཕུལ། རིག་རྩལ་འཁྲབ་སྟོན་མཇུག་རྫོགས་རྗེས་འགྲན་རྒྱུག་དང་ཐག་ལྡིང་འགྲན་སྡུར་སོགས་སྤེལ་ནས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་བརྩམས་པ་རེད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་སློབ་མ་རྣམས་ཀྱི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཐོག སློབ་མ་རྣམས་ཀྱི་མཐུན་སྒྲིལ་དང་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་སྐྱེད་སྲིང་བྱེད་པར་མཐུན་རྐྱེན་མི་དམན་པ་བསྐྲུན་པའོ། །
རིག་རྩལ་འཁྲབ་སྟོན།
རིག་རྩལ་འཁྲབ་སྟོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com