ལན་ཀྲུའུ་སློབ་ཆེན་བོད་འབར་ཨར་ཐེ་ཞིབ་འཇུག་ཁང་དུ་བོད་རིག་པའི་འཆད་ཁྲིད་སྤེལ་བ།
ཞིབ་འཇུག་པ་པ་སངས་དབང་འདུས་ལགས(གཡོན)དང་དགེ་རྒན་ཆེན་མོ་ཧའོ་ཝེ་ལགས(གཡས)གཉིས།
ཉེ་ཆར། ལན་ཀྲུའུ་སློབ་ཆེན་བོད་འབར་ཨར་ཐེ་ཞིབ་འཇུག་ཁང་གིས་ཞིབ་འཇུག་པ་པ་སངས་དབང་འདུས་ལགས་དང་དགེ་རྒན་ཆེན་མོ་ཧའོ་ཝེ་ལགས་གདན་ཞུ་བྱས་ནས་ཉིན་གསུམ་གྱི་རིང་དུ་བོད་ཀྱི་རིག་གནས་དང་འབྲེལ་བའི་ཆེད་དོན་འཆད་ཁྲིད་གནང་བ་རེད།
ཞིབ་འཇུག་པ་པ་སངས་དབང་འདུས་ལགས་ཀྱིས《བོད་ལྗོངས་རིག་གནས་ལོ་རྒྱུས་ཞིབ་འཇུག་གི་གནད་དོན་འགའ》དང《བོད་ཀྱི་གནའ་བོའི་བསྟན་བཅོས་ཕྱི་མོའི་དཔྱོད་ཐབས》། 《བོད་ཀྱི་གནའི་བང་སོའི་འཕེལ་རྒྱས་དང་ཞིབ་འཇུག》། 《བོད་གནའ་རབས་དང་དུས་རབས་བར་མའི་བོད་ཀྱི་དཔལ་ཡོན》བཅས་བརྗོད་གཞི་རུ་བྱས་ནས་འཆད་ཁྲིད་གནང་བ་དང་། དགེ་རྒན་ཆེན་མོ་ཧའོ་ཝེ་ལགས་ཀྱིས《བོད་ཀྱི་གནའ་རྫས་རྟོག་དཔྱོད་དང་བོད་ཀྱི་གནའ་རབས་ལོ་རྒྱུས་ཞིབ་འཇུག》དང《གླིང་ཆེན་ཨེ་ཤ་ཡའི་དཔལ་ཡོན་ལོ་རྒྱུས་ཁྲོད་ཀྱི་ཐུ་བྷོད》། 《ཐུ་བྷོད་དང་དེའི་ཉེ་འཁོར་གྱི་དཔལ་ཡོན》བཅས་བརྗོད་གཞི་རུ་བྱས་ནས་འཆད་ཁྲིད་གནང་བ་རེད།
བོད་རིག་པའི་ཆེད་མཁས་གཉིས་ཀྱི་འཆད་ཁྲིད་ལ་སློབ་གྲྭ་དེ་གའི་སློབ་མ་རྣམས་ཀྱི་དགའ་བསུ་དང་གདེང་འཇོག་མཐོན་པོ་ཐོབ་ཅིང་། ཁོང་ཚོས་ཐེངས་འདིའི་འཆད་ཁྲིད་བརྒྱུད་ནས་བོད་ཀྱི་རིག་གནས་སྐོར་གྱི་ཤེས་བྱ་མང་བོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com