ཀན་སུའུ་ཏང་ཁྲང་རྫོང་དུ་ཐང་རྒྱལ་རབས་དུས་མཇུག་གི་བོན་འབྲེལ་ཡིག་ཚགས་རྙེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-01 10:32:00 ཀློག་གྲངས།:


ཡིག་ཚགས་སུ་བཀོད་པའི་སྲོལ་རྒྱུན་གྱི་ཆོ་ག་སྤེལ་བྱེད་ཀྱི་ཡོ་ཆས།
苯教文献传承人杨韩汉在整理收藏的苯教文献
བོན་ཆོས་ཡིག་ཚགས་རྒྱུན་འཛིན་པ་ཡཱང་ཧན་ཧན་ལགས་ཀྱིས་ཡིག་ཚགས་ལེགས་སྒྲིག་བྱེད་བཞིན་པ།

བོན་ཆོས་ཡིག་ཚགས་རྒྱུན་འཛིན་པ་ཡཱང་ཧན་ཧན་ལགས་ཀྱིས་ཡིག་ཚགས་ལེགས་སྒྲིག་བྱེད་བཞིན་པ།

  ཉེ་ཆར། ཀན་སུའུ་ཞིང་ཆེན་ཏང་ཁྲང་རྫོང་རིག་གནས་སྡེ་ཁག་གི་ལས་སྒྲུབ་མི་སྣ་ས་གནས་དེ་གའི་བོད་རིགས་ཤང་དང་། ཁྲིན་གོན་གྲོང་རྡལ། ནན་ཧི་ཤང་བཅས་ཀྱི་བོད་རིགས་ཁྱིམ་ཚང་དུ་བསྐྱོད་དེ་ཐང་རྒྱལ་རབས་དུས་མཇུག་གི་བོན་འབྲེལ་ཡིག་ཚགས་རྙེད་པ་རེད།
  ཡིག་ཚགས་འདི་དག་ནི་བོན་ཆོས་རིག་གནས་དང་ཞང་ཞུང་རིག་གནས། ཡིག་རྙིང་བསྡུས་འབྲི་བྱེད་ཐབས། ཏང་ཁྲང་བོད་རིགས་མེས་པོས་དོན་དག་ཟིན་ཐོར་འགོད་ཐབས་སོགས་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་དུ་ངེས་ཤིང་། མིག་སྔར། ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བོན་ཆོས་ཡིག་ཚགས་ཀྱི་ཁུངས་ཆོད་པ་དང་། ལེགས་སྒྲིག  སྔོག་འདོན་དང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་གྱིན་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།