བྲག་དམར་ཡུལ་ཚོའི་སློབ་གྲྭས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ་བ།
སློབ་མ་རྣམས་ལྷན་དུ་བྲོ་འཁྲབ་པ།
ཟླ6པའི་ཚེས1ཉིན་ནི་ཐེངས་རེ་བཞི་པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ཡིན་ལ་བྲག་དམར་ཡུལ་ཚོའི་སློབ་གྲྭ་བཙུགས་ནས་ལོ་ངོ་ལྔ་བཅུ་ང་གཅིག་ལྷག་འགོར་བའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཡིན་པས། སློབ་རའི་དགེ་སློབ་ཡོངས་ཀྱིས་ནངས་སྔ་མོ་ནས་ལུས་ལ་གཟབ་འཆོར་སྤྲས་ནས་དུས་སྟོན་བསུ་བའི་སྟ་གོན་ལ་བྲེལ་གྱིན་འདུག རྫོང་སློབ་གསོ་ཅུའི་འབྲེལ་ཡོད་འགོ་ཁྲིད་སོགས་མཛད་སྒོའི་སྟེང་ཞུགས་ཏེ་སློབ་གྲྭའི་སློབ་སྒྲུབ་ཀྱི་རྣམ་པ་ལ་གདེངས་འཇོག་ཚད་མཐོན་པོར་གནང་ཞིང་དགེ་སློབ་ཡོངས་ལྷན་དུ་འཛོམས་ནས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ།
ཕུལ་བྱུང་ན་ཆུང་རྡུང་ལེན།
དུས་ཆེན་གྱི་རྣམ་པ་ལ་གླུ་དང་གླུ་དབྱངས། ཞབས་བྲོ་སོགས་གཙོ་བྱས་ཏེ་བོད་དམངས་སྲོལ་གྱི་ས་འཇོག་སོགས་འགྲན་བསྡུར་ཆུང་ངུ་གང་མང་ཞིག་སྤེལ་བ་དེས་སློབ་བུ་ཆུང་ཆུང་འདི་དག་གིས་བོད་རང་གི་དམངས་སྲོལ་གྱི་རིག་གནས་གང་མང་ཞིག་ཡིད་ལ་ངེས་པར་ཕན་ཐོགས་གང་ལེགས་ཐོབ།
རྒན་ལ་སྐེ་དཀྲིས་འབུལ་བཞིན་པ།
སྤྱིར་ན། དྲུག་གཅིག་བྱིས་པའི་དུས་ཆེན་ལ་གདེངས་འཇོག་བྱེད་པ་ནི་མ་འོངས་པའི་མེས་རྒྱལ་གྱི་རྒྱུད་འཛིན་པ་འདི་དག་ལ་ཐུགས་ཁུར་བྱེད་པ་ཡིན་པས། བྲག་དམར་ཡུལ་ཚོའི་སློབ་ཆུང་གི་སློབ་གཙོ་རྒན་ཐུབ་བསྟན་ཚེ་རིང་གི་བཀོད་སྒྲིག་དང་སློབ་གསོའི་ལས་དོན་ལ་ཐུགས་སེམས་དཀར་པོའི་དགེ་རྒན་དག་གི་རོགས་སྐྱོར། ལོ་ན་ཆུང་བའི་སློབ་མ་དག་གི་བརྩོན་འགྲུས་ལ་བརྟེན་ནས་ཐེངས་འདིའི་དྲུག་ཆེན་བྱིས་པའི་དུས་ཆེན་དེ་དགེ་རྒན་དང་སློབ་མ། ཁྱིམ་བདག་དག་གི་འདོད་བློ་ཚིམ་པ་ཞིག་སྒྲུབ་ཡོད་དོ།།
མཉམ་པར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com