གསེར་ཆེན་རྫོང་དུ་མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་བཙུགས་པའི་མཛད་སྒོ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-03 09:58:00 ཀློག་གྲངས།:


གསེར་ཆེན་རྫོང་དུ་མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་བཙུགས་པའི་མཛད་སྒོ་སྤེལ།


འགོ་ཁྲིད་རྣམས་ཀྱིས་བྱིས་པའི་ཕན་བདེ་གླིང་གི་སྒྲིག་ཆས་སོ་སོར་གཟིགས་ཞིབ་བྱེད་པ།

        ཟླ5བའི་ཚེས30ཉིན་གྱི་སྔ་དྲོ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ཁྲི་ཀ་ནུབ་ལམ་གྱི་མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་བཙུགས་པའི་མཛད་སྒོ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་འགོ་གཙོ་གཞོན་པ་ཝང་ཁྲང་མེན་དང་།  མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཙོའོ་ཡུའུ་ལིན་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་དང་། མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་གཙོ་སྐྱོང་རྫོང་དཔོན་དང་། དམངས་སྲིད་ཅུའི་འགོ་གཙོ། དེ་མིན་མཚོ་ལྷོ་ཁུལ་དམངས་སྲིད་ཅུའི་ལས་སྒྲུབ་མི་སྣ་ཡོངས། བྱིས་པའི་ཕན་བདེ་གླིང་གི་ལས་སྒྲུབ་མི་སྣ་ཡོངས་དང་བྱིས་པ་བཅས་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།

གསེར་ཆེན་རྫོང་དུ་མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་བཙུགས་པའི་མཛད་སྒོ་སྤེལ།
འབྲེལ་ཡོད་འགོ་ཁྲིད་དང་བྱིས་པ་རྣམས་ཀྱི་ལྷན་པར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།