སངས་རྒྱས་སྨན་བླའི་ཉིན་དཔའ་རིས་དམངས་གླུ་བརྒྱུད་ཁྲིད་ལས་འགུལ་སྤེལ།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོནཔོ་དྲབ། དུས་ཚོད།:2013-06-13 16:27:00 ཀློག་གྲངས།:


དམངས་ཁྲོད་གླུ་མ།

དམངས་ཁྲོད་ཀྱི་གཙགས་དྲུབ།

        གངས་ལྗོངས་འཛིན་མས་ལྗང་མདོག་གི་གོས་ཆེན་ཀླུབས་ནས་མེ་ཏོག་སྣ་བརྒྱས་མཛེས་པར་རྒྱན་པའི་དབྱར་ཟླའི་དུས་བཟང་འདི་ལ། དཔའ་རིས་དཀར་པོ་ཡུལ་གྱི་ཨ་མྱེས་དགེ་བསྙེན་རྩ་ཡི་སྤང་ལྗོངས་ཡངས་པོ་འདི་རུ་དུས་ཆེན་གྱི་མཆོར་གོས་གྱོན་པའི་མི་གྲངས་ལས་མང་ཞིང་དམངས་གླུའི་དབྱངས་སྙན་མཁའ་རུ་ཁྱབ། གྱི་ལིང་རྟ་མཆོག་གི་བང་རྩལ་རླུང་ལ་འགྲན་ཞིང་མཆོད་གསོལ་གྱི་བསང་དུད་ལྷོག་ལྷོག་འཕྱུར། འདི་ནི་སངས་རྒྱས་སྨན་བླའི་ཉིན་ཡིན་ལ་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་དང་རྡོ་ལུང་སྡེ་བས་མཉམ་འབྲེལ་གྱིས་དུས་ཆེན་གྱི་དགའ་སྟོན་རྩྭ་ཐང་འདི་རུ་སྤེལ་བ་ཡིན། 


དམངས་ཁྲོད་དུ་དར་ཆེ་བའི་ལུས་རྩལ་བྱ་འགུལ།

དམངས་ཁྲོད་དུ་དར་ཆེ་བའི་ལུས་རྩལ་བྱ་འགུལ།

        བཤད་རྒྱུན་ལྟར་ན་ལྔ་བའི་ཚེས་ལྔའི་ཉིན་ལ་སངས་རྒྱས་སྨན་བླས་རབ་གནས་མཛད་པའི་བྱིན་རླབས་ཀྱིས་ས་སྟེང་གི་ཆུ་སྣ་དང་མེ་ཏོག་ཐམས་ཅད་སྨན་རྫས་སུ་གྱུར་ནས་སེམས་ཅན་གྱི་ནད་རིགས་སེལ་བ་ཡིན། ཉིན་འདིའི་ཞོགས་སྔ་མོར་མི་ཐམས་ཅད་ཆུ་མིག་ཁར་སོང་ནས་སྨན་ཆུ་འཐུང་བ་དང་ཁ་ལག་བཀྲུ་བ། ཆུ་མཆོད་བཤམས་པ། ལྷ་བསང་གཏོང་བ། རྟ་རྒྱུག་འཐེན་པ། གླུ་ལེན་གར་འཁྲབ་སོགས་ཀྱི་སྲོལ་རྒྱུན་དགའ་སྟོན་གྱི་མཚོ་མོར་རོལ་བ་ཡིན། 
 


རྟ་རྒྱུག་འགྲན་བསྡུར།

        ལྔ་བའི་ཚེས་ལྔའི་ཞོགས་པར། མཆོད་རྟེན་ཐང་དགོན་པའི་ཨ་ལགས་རྒྱ་ཏིག་ཚང་ལམ་ཐག་གི་དཀའ་ངལ་ལ་མ་འཛེམ་པར་རྡོ་ལུང་རྩྭ་ཐང་དུ་ཕེབས་ནས་མང་ཚོགས་ལ་མཇལ་ཁ་གནང་ཞིང་ཆོས་ལུགས་ཀྱི་ཆོ་ག་མཛད་དེ་ཀུན་ལ་ལྷག་བསམ་ཟོལ་མེད་ཀྱིས་སྡུག་ལས་སྤངས་དགོས་པ་སོགས་ཀྱི་ཞལ་ཏ་གནང་། ལོ་བཞིའི་སྔོན་ལ་མཆོག་གིས་གནས་ལ་གཟུགས་ནས་ཡུལ་འདིར་ལྷ་ཁང་ཞིག་བཞེངས་ནས་ཡུལ་མི་ཀུན་གྱི་ཕྱག་སྐོར་ལྟེ་གནས་སུ་གྱུར་འདུག དུས་ཆེན་འདིར་དཔའ་རིས་དམངས་གླུ་བརྒྱུད་ཁྲིད་ལས་འགུལ་གཙོ་བྱས་ནས་དམངས་ཁྲོད་གླུ་བ་གྲགས་ཅན་ཉི་ཤུ་ལྷག་གིས་དགེ་ཕྲུག་དག་ལ་གདོད་མའི་དམངས་གླུའི་དབྱངས་རྟ་སྣ་མང་ཁྲིད། བོད་ཀྱི་སྲོལ་རྒྱུན་བཟོ་ལས་ལག་རྩལ་སྣ་འགའ་ཡང་དཔེ་སྟོན་གནང་། གཞན་ད་དུང་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་རིགས་འགའ་སྤེལ་ནས་མི་དྲུག་བཅུ་ལྷག་འགྲན་བསྡུར་ཁྲོད་ཞུགས་།ཐེངས་འདིའི་རྟ་རྒྱུགས་སུ་རྟ་མཆོག་བརྒྱ་དང་ཉི་ཤུ་ལྷག་ཞུགས་ནས་འགྲན་ཚོགས་ནི་ཐོག་མཐའ་བར་གསུམ་ནས་གནའ་རབས་ཀྱི་ལུགས་སྲོལ་ལྟར་སྐྱོང་བ་ཡིན། རྒྱལ་ཁབ་རིམ་པའི་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་དཔའ་རིས་བསོད་ནམས་ཚེ་རིང་གིས་རྟ་རྒྱུགས་སྨོན་ཚིག་བཤད་ཅིང་ཁུངས་ཡོད་པའི་སྒོ་ནས་སངས་རྒྱས་སྨན་བླའི་སྐོར་གྱི་ཤེས་བྱ་ཀུན་ལ་འགྲེལ།

        ས་ཆའི་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཁྱད་འཕགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཇེ་ཕྱུག་ཏུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་རྒྱབ་སྐྱོར་ཆེན་པོ་མཛད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།