སྦྱིན་པ་རིན་ཆེན་གྱིས་གཙོ་སྒྲིག་མཛད་པའི་ཡུལ་ཤུལ་གནའ་དཔེ་དཔེ་ཚོགས་འགྲེམ་སྤེལ་གནང་བ།

རྩོམ་པ་པོ།:སྦྱིན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-17 08:34:00 ཀློག་གྲངས།:

སྦྱིན་པ་རིན་ཆེན་ལགས་ཀྱིས་གཙོ་སྒྲིག་མཛད་པའི་ཡུལ་ཤུལ་གནའ་དཔེ་དཔེ་ཚོགས་འགྲེམ་སྤེལ་གནང་བ།
འགྲེམ་སྤེལ་ཡུལ་དངོས།

        ཟླ6པའི་ཚེས13ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཕྱོགས་བསྡུས་སློབ་གྲྭ་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་སྦྱིན་པ་རིན་ཆེན་གྱིས་གཙོ་སྒྲིག་གནང་པའི་ཡུལ་མདོ་ཁམས་སྟོད་ཀྱི་མཁས་གྲུབ་རྣམ་པའི་གསུང་བཅུད་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བའི་དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་གྱི་དཔེ་ཚོགས་འགྲེམ་སྤེལ་གྱི་མཛད་སྒོ་བོད་ཁམས་སྟོད་ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་ཚོགས་ཁང་དུ་བསྡུས་ཤིང་། སློབ་སྤྱི་སྐྱིད་དགེ་ཡིས་སློབ་གྲྭ་དེའི་ལོ་རྒྱུས་མཚམས་སྦྱོར་གནང་པ་དང་འབྲེལ་ཏེ་དགེ་རྒན་སྦྱིན་པ་རིན་ཆེན་གྱི་ལྷག་བསམ་དང་མཛད་བཟང་ལ་བསྔགས་བརྗོད་མཛད་པ་དང་། སྦྱིན་པ་རིན་ཆེན་ཁོང་ཉིད་ཀྱིས་དཔེ་ཚོགས་དེ་ཇི་ལྟར་གཙོ་སྒྲིག་མཛད་ཚུལ་དང་དེའི་དགོས་པ། རྒྱུ་མཚན། དམིགས་འདུན། ཁ་ཕྱོགས་བཅས་མདོར་བསྡུས་ཤིག་ངོ་སྤྲོད་གནང་།
        ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཁོང་གི་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རླབས་ཆེན་མཛད་བཟང་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རང་བའི་རྣམ་པ་མཚོན་ཕྱིར་མཇལ་དར་ཕུལ་ཞིང་སོ་སོའི་ཚོར་སྣང་དང་རེ་སྨོན་ཅི་ཡོད་དགོངས་འཆར་གཏམ་བཤད་ལྷུག་པོར་གནང་སྟེ། སྦྱིན་པ་རིན་ཆེན་གྱིས་རྩོམ་སྒྲིག་གནང་པའི་དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་གྱི་དཔེ་ཚོགས་འགྲེམ་སྤེལ་གྱི་མཛད་སྒོ་བདེ་བླག་ངང་ནས་མཇུག་སྒྲིལ།

སྦྱིན་པ་རིན་ཆེན་གྱིས་གཙོ་སྒྲིག་གནང་པའི་ཡུལ་མདོ་ཁམས་སྟོད་ཀྱི་མཁས་གྲུབ་རྣམ་པའི་གསུང་བཅུད་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བའི་དེབ་ཕྲེང་ཁག་གི་མཚན་བྱང་།
དེབ་ཕྲེང་དང་པོ། དཀར་ཆག་དྭངས་ཤེལ་མེ་ལོང་།
དེབ་ཕྲེང་གཉིས་པ། ལོ་རྒྱུས་དང་ཆོས་འབྱུང་སྐོར།
དེབ་ཕྲེང་གསུམ་པ། གནས་ཡིག་གི་སྐོར།
དེབ་ཕྲེང་བཞི་པ། ཞལ་གདམས་ཀྱི་སྐོར།
དེབ་ཕྲེང་ལྔ་པ། མགུར་མཚོའི་སྐོར།
དེབ་ཕྲེང་དྲུག་པ། གེ་སར་རིག་གནས་སྐོར།
དེབ་ཕྲེང་བདུན་པ། སྙན་རྩོམ་གྱི་སྐོར།
དེབ་ཕྲེང་བརྒྱད་པ། བརྡ་སྤྲོད་རིག་པའི་སྐོར།
དེབ་ཕྲེང་དགུ་པ། སྐར་རྩིས་རིག་པའི་སྐོར།
དེབ་ཕྲེང་བཅུ་པ། ནག་རྩིས་རིག་པའི་སྐོར།
དེབ་ཕྲེང་བཅུ་གཅིག་པ། ཚིག་རྒྱན་རིག་པའི་སྐོར།
དེབ་ཕྲེང་བཅུ་གཉིས་པ། ཟློས་གར་དང་སྒྱུ་རྩལ་སྐོར།
དེབ་ཕྲེང་བཅུ་གསུམ་པ། བཟོ་རིག་པའི་སྐོར།
དེབ་ཕྲེང་བཅུ་བཞི་པ། གསོ་བ་རིག་པའི་སྐོར།
དེབ་ཕྲེང་བཅོ་ལྔ་པ། སྔ་འགྱུར་རྙིང་མའི་ཆོས་སྐོར།
དེབ་ཕྲེང་བཅུ་དྲུག་པ། དཔལ་ལྡན་ས་སྐྱ་པའི་ཆོས་སྐོར།
དེབ་ཕྲེང་བཅུ་བདུན་པ། དྭགས་པོ་ཀམ་ཚང་པའི་ཆོས་སྐོར།
དེབ་ཕྲེང་བཅོ་བརྒྱད་པ། སངས་རྒྱས་ཡེལ་པའི་ཆོ་སྐོར།
དེབ་ཕྲེང་ཅུ་དགུ་པ། དཔལ་འབའ་རོམ་པའི་ཆོས་སྐོར།
དེབ་ཕྲེང་ཉི་ཤུ་པ། རྒྱལ་བ་འབྲི་གུང་པའི་ཆོས་སྐོར།
དེབ་ཕྲེང་ཉེར་གཅིག དོན་བརྒྱུད་འབྲུག་པའི་ཆོས་སྐོར།
དེབ་ཕྲེང་ཉེར་གཉིས་པ། དཔལ་གནས་མདོའི་ཆོས་སྐོར།
དེབ་ཕྲེང་ཉེར་གསུམ་པ། དཔལ་ཟུར་མང་གི་ཆོས་སྐོར།
དེབ་ཕྲེང་ཉེར་བཞི་པ། རི་བོ་དགེ་ལུགས་པའི་ཆོས་སྐོར།
དེབ་ཕྲེང་ཉེར་ལྔ་པ། གྲུབ་མཐའ་དང་ལྟ་བའི་སྐོར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།