《བོད་ལྗོངས་ཀྱི་ཡོན་རྒྱལ་རབས་སྐབས་ཀྱི་གཞུང་ཕྱོགས་ཡིག་ཚགས》དེ《འཛམ་གླིང་གི་དྲན་ཐོ》རུ་བདམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-24 09:30:00 ཀློག་གྲངས།:
  མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ6པའི་ཚེས18ཉིན་ནས་ཚེས21ཉིན་ཁོ་རེ་རྒྱལ་ཁབ་ཀྱི་ཀོང་ཀྲིག་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་འཛིན་ལས་གྲྭའི་རྒྱལ་སྤྱིའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་། བོད་ལྗོངས་ཡིག་ཚགས་ཁང་གིས་རེ་ཞུ་བྱས་པའི《བོད་ལྗོངས་ཀྱི་ཡོན་རྒྱལ་རབས་སྐབས་ཀྱི་གཞུང་ཕྱོགས་ཡིག་ཚགས》དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་ཀྱིས་རྩ་འཛུགས་བྱས་པའི《འཛམ་གླིང་གི་དྲན་ཐོ》རུ་བདམས་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་མིག་སྔར་རྒྱལ་ཁབ100ཡི་འཛམ་གླིང་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པའི་ཡིག་ཚགས་དང་ཡིག་ཚགས་ཕྱོགས་བསྡུས299《འཛམ་གླིང་གི་དྲན་ཐོ》རུ་བདམས་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།