ཀྲུང་གོའི་བོད་རིག་པའི་ཁྱབ་ཁོངས་ཀྱི་དུས་དེབ་མཐུན་འབྲེལ་ལྷན་ཚོགས་བཙུགས་པ།
ཟླ6པའི་ཚེས23ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཐད་སྟེགས་བུ་གསར་བ་ཞིག་བྱུང་ཡོད་དེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། དེ་མིན་ས་གནས་སོ་སོའི་བོད་རིག་པའི་སྐོར་གྱི་དུས་དེབ་རྩོམ་སྒྲིག་ཁང་དང་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱི་འཐུས་མི78ཀྱིས་རྒྱལ་ཡོངས་བོད་རིག་པའི་དུས་དེབ་མཐུན་འབྲེལ་ལྷན་ཚོགས་ལྷ་ས་རུ་བཙུགས།
བོད་རིག་པའི་ལས་སྒྲུབ་པ་འདི་དག་ནི་བོད་རིག་པའི་དུས་དེབ་རིགས43གྱི་འགན་ཁུར་བ་དང་རྩོམ་སྒྲིག་པ་ཡིན་ཞིང་། དེར་བོད་ཡིག་སྐོར་གྱི་དུས་དེབ་རིགས20དང་རྒྱ་ཡིག་སྐོར་གྱི་དུས་དེབ་རིགས23འདུས།
མཚམས་སྦྱོར་བྱས་པ་ལྟར་ན། བོད་རིག་པ་ནི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་། གནས་བབ། མ་འོངས་འཕེལ་རྒྱས་བཅས་ཞིབ་འཇུག་བྱེད་ཡུལ་དང་། མཚན་ཉིད་སྤྱི་ཚོགས་ཚན་རིག་ནི་གཙོ་ཕུང་དུ་བཟུང་བ་དང་མཚུངས་སུ། རང་བྱུང་ཚན་རིག་གི་ཁྱབ་ཁོངས་འགའ་ཤས་ཀྱི་གཞུང་ལུགས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཅུང་དྲགས་པའི་རིག་ཚན་ཡང་དམིགས་སུ་བཟུང་བ་ཡིན། བོད་རིག་པའི་དུས་དེབ་ནི་ཀྲུང་གོའི་བོད་རིག་པའི་ཁྱབ་ཁོངས་ཀྱིས་བོད་རིག་པའི་ཞིབ་འཇུག་ཆུ་ཚད་དང་གྲུབ་འབྲས་དག་རྒྱལ་ཕྱི་ལ་འགྲེམ་སྟོན་བྱེད་པའི་སྟེགས་བུ་གཙོ་ཤོས་ཤིག་དང་། རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུར་ཡང་ངེས།
ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པས་བསྟན་དོན། རྒྱལ་ཡོངས་བོད་རིག་པའི་དུས་དེབ་མཐུན་འབྲེལ་ལྷན་ཚོགས་བཙུགས་པ་ནི་བོད་རིག་པའི་དུས་དེབ་འཕེལ་རྒྱས་སུ་གཏོང་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ཞིང་། དེར་བོད་རིག་པའི་དུས་དེབ་དྲ་རྒྱའི་སྟེགས་བུ་འཛུགས་པ་དང་། བོད་རིག་པའི་ཞིབ་འཇུག་ཐོན་ཁུངས་དང་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད། བོད་རིག་པའི་མང་གླེང་དང་དཀའ་གནད་ཐད་ཀྱི་དོ་སྣང་བྱེད་ཚད་དྲག་ཏུ་གཏོང་བ། མར་ལེ་རིང་ལུགས་ཀྱི་བོད་རིག་པའི་ཞིབ་འཇུག་རུ་ཁག་མུ་མཐུད་དུ་གསོ་སྐྱོང་བྱེད་པ་བཅས་ཁག་དུ་མ་འདུས་ལ། མཐུན་འབྲེལ་ལྷན་ཚོགས་ཀྱིས་བོད་རིག་པའི་དུས་དེབ་ཀྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་དང་དེའི་རྒྱང་རིང་འཕེལ་རྒྱས་ཐད་མ་ལག་གི་འགན་སྲུང་བྱེད་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com