《བོད་ལྗོངས་ཀུན་བཏུས་ཆེན་མོ》(ལྷ་སའི་པོད)ཟླ9བར་པར་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-24 10:26:00 ཀློག་གྲངས།:

        ཉེ་ལམ། 《བོད་ལྗོངས་ཀུན་བཏུས་ཆེན་མོ》(ལྷ་སའི་པོད)ཞེས་པའི་མཐར་དཔྱོད་ཚོགས་འདུ་ལྷ་ས་རུ་སྤེལ་ཞིང་། གྲོས་ཚོགས་སུ《བོད་ལྗོངས་ཀུན་བཏུས་ཆེན་མོ》(ལྷ་སའི་པོད)མཐར་དཔྱོད་བསྐྱར་བཅོས་བྱ་བར་ཕྱོགས་སོ་སོའི་བསམ་འཆར་བསྡུས།
        རྒྱུས་ལོན་བྱུང་བ་ལྟར་ན། 《བོད་ལྗོངས་ཀུན་བཏུས་ཆེན་མོ》(ལྷ་སའི་པོད)ནི་པེ་ཅིང་གྲོང་ཁྱེར་གསར་འགྱུར་པར་སྐྲུན་ཅུའི་རིག་གནས་བོད་སྐྱོར་ལས་གཞི་ཞིག་ཡིན་ལ།2004ལོ་ནས་བཟུང་ཇུས་གཞི་བཏོན་པ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་པེ་ཅིང་མཉམ་འབྲེལ་དཔེ་སྐྲུན་ཚད་ཡོད་འགན་འཁྲི་ཀུན་ཟིས་མཉམ་གྱིས་ལེགས་འགྲུབ་བྱེད་པ་ཡིན།  དཔེ་ཆ་འདི་ནི་ཆེད་དཔེ་དང་ལོ་དེབ། ལག་དེབ། ཡུལ་བཤད་སོགས་པར་སྐྲུན་དཔེ་དེབ་ཀྱི་རྒྱུ་ཆ་ཚན་རིག་སྒོས་ལེགས་སྒྲིག་བྱས་པ་དང་། དེ་ལས་ཆེས་རིན་ཐང་ལྡན་པ་དང་ཆེས་གལ་ཆེ་བའི་རྒྱུ་ཆ་དག་ཆུ་ཚད་མཐོ་བའི་དཔེ་མཛོད་ཅིག་ཏུ་བསྐྲུན་ཏེ་ཕྱོགས་ཡོངས་ནས་ལྷ་སའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་བླངས་པའི་གྲུབ་འབྲས་འགྲེམ་སྟོན་བྱེད་པ་ཡིན། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ཟླ9བའི་ནང་རྒྱ་ཆེ་བའི་ཀློག་པ་པོ་ཀུན་གྱི་སྤྱན་ལམ་དུ་འབུལ་ཐུབ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།