མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་བབ་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-26 10:28:00 ཀློག་གྲངས།:

        ཉེ་ལམ། མགོ་ལོག་ཁུལ་གྱི་ཐོག་མའི་ཡུལ་བབ་དཔེ་དེབ《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལོ་དོན་ཟིན་བཀོད》(1951-2011)ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
        དཔེ་ཆ་འདིར་པར་རིས1050དང་། ཡིག་འབྲུ་ཁྲི120ལྷག་ཡོད་ཅིང་། ཅུང་ཞིབ་ཕྲའི་ངང1951ལོར་མགོ་ལོག་བྱ་བའི་རུ་ཁག་རྩ་འཛུགས་བྱས་པ་ནས2011ལོའི་ལོ་མཇུག་བར་རང་སྐྱོང་ཁུལ་དུ་བྱུང་བའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། ཁྲིམས་ལུགས་སོགས་ཕྱོགས་སོ་སོ་དང་དོན་དག་ཆེ་ཕྲ་རེ་རེ་བཞིན་བཀོད་ཡོད་པ་དང་། སྒོས་སུ“ལྔའི་འཆར་འགོད་བཅུ་གཅིག་པ”ནས་བཟུང་རང་སྐྱོང་ཁུལ་དང་རྫོང་དྲུག་གི་ལས་རིགས་སོ་སོའི་འཕེལ་རྒྱས་དང་འགྱུར་ལྡོག་རྣམས་ཅུང་འཐུས་སྒོ་ཚང་བའི་ངང་པར་རིས་དང་ཡི་གེ་ཟུང་སྦྱོར་སྒོས་མཚམས་སྦྱོར་གནང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།