ཕ་ཡུལ་ཞེས་པའི་ཚགས་ཤོག་གི་རྩོམ་བསྡུའི་བརྡ་སྦྱོར།
དཔྱོད་ཤེས་ཀྱི་སྙུགས་ཐོགས་པ་རྣམ་པ།
རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ་སློབ་མའི་ཚོགས་པས2010ལོ་ནས་སྒྲུབ་པས་ཕ་ཡུལ་སློབ་གསོ་གོང་འཕེལ་ཐད་ཀྱི་གྲོས་མོལ་ཚོགས་འདུ་དང་། གཟའ་ཉི་མའི་ཁ་བརྡ། ཕ་ཡུལ་ཞེས་པའི་ཚགས་ཤོག་བཅས་སྒྲུབ་པ་ལས་ཕ་ཡུལ་ཞེས་པའི་ཚགས་ཤོག་དེ2013ལོར་ལོ་དེབ་ཏུ་བསྒྱུར་བའི་སྟ་གོན་སྔོན་ནས་ཡོད་ལ། སྔོན་རྒྱུ་འབྲས་སུ་སྨིན་ནས་ལོ་དེབ་ཏུ་བསྒྱུར་ཐུབ་སོང་། ལོ་དེབ་འདིར་སློབ་ཆེན་དང་སྤྱི་ཚོགས་གྲྭ་གྲོང་ཀུན་གཉིས་ལེའུ་ཚན་གཅིག་དང་དམའ་མཐོ་འབྲིང་གཉིས་ལེའུ་ཚན་གཅིག སློབ་ཆུང་སློབ་མའི་ལེའུ་ཚན་གཅིག་བཅས་འགོད་རྒྱུ་ཡིན། དེ་བས་རྩོམ་པ་པོ་ཞེས་པའི་མིང་བྱང་མཛའ་དང་མི་མཛའ་ཀུན་པོས་རང་ཉིད་ཀྱི་བསམ་གཞིགས་ཀྱི་མངལ་ལས་འཁྲུངས་པའི་ལྗགས་རྩོམ་གང་མང་ཞིག་གིས་རྒྱབ་སྐྱོར་དང་རོགས་རེམ་ཅི་ཐུབ་ཞིག་བྱེད་པའི་རེ་བ་སྙིང་ནས་ཞུ།
ཆ་རྐྱེན།
རྩོམ་ཡིག་དྲ་དེབ་གང་རུང་ལ་བཀོད་མྱོང་བ་དག་མི་བསྐུར་བར་མཁྱེན།
རྩོམ་པ་པོའི་མིང་དང་ས་གནས་སམ་སྡོད་གནས་གསལ་བོ་བསྐུར་རོགས།
རྩོམ་ལུས། འབོལ་རྩོམ། སྙན་ངག ལྷུག་རྩོམ། སྒྲུང་ཐུང་ཡིག་བརྒྱ་མ།
ཡིག་གཟུགས། ངེས་པར་ཧི་གཟུགས་ཡིན་དགོས།
བསྡུ་ཡུན། སྤྱི་ལོ2013ལོའི་ཟླ7པའི་ཚེས1ནས2014ལོའི་ཟླ1པོའི་ཚེས10བར།
བསྐུར་ཡུལ། ལོ་འདིའི་གཙོ་འཛིན་མི་སྣ། བློ་གྲོས། འཇམ་དབྱངས། ཕུན་ཚོགས་རབ་རྒྱས་སོགས་གང་རུང་གི་ལག་ཏུ་ཐད་ཀར་སྤྲོད་ཆོག་ལ། དེ་མིན་ཡིག་སྒམwaqiexueshenghui@163.comའདིར་བསྐུར་ཆོག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com