བོད་ཀྱི་དམངས་ཁྲོད་རྩོམ་རིག་རིག་གཞུང་བགྲོ་ཚོགས་ཀྱི་དཔྱད་རྩོམ་བསྡུ་བའི་བརྡ་ཐོ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-02 11:39:00 ཀློག་གྲངས།:

        ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས“2013ལོའི་བོད་ཀྱི་དམངས་ཁྲོད་རྩོམ་རིག་རིག་གཞུང་བགྲོ་ཚོགས”2013ལོའི་ཟླ9བར་སྤེལ་རྒྱུ་ཡིན་ཞིང་། གཙོ་ཆེར་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་འཕེལ་རྒྱས་ལོ་རྒྱུས་དང་། མིག་སྔའི་གནས་ཚུལ། བོད་ཀྱི་དམངས་ཁྲོད་རྩོམ་རིག་འདི་མི་རིགས་མཐོ་རིམ་སློབ་གྲྭའི་བསླབ་ཚན་འཛུགས་སྐྲུན་དང་། ཆེད་ལས་འཛུགས་སྐྲུན། དེ་མིན་མི་སྣ་གསོ་སྐྱོང་ཐད་ཀྱི་ནུས་པ་སོགས་བགྲོ་གླེང་བྱེད་པ་ཡིན་ལ། ཚོགས་འདུའི་རྗེས་ནས《བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཆེད་བསྒྲིགས》རྩོམ་སྒྲིག་དང་པར་བསྐྲུན་བྱ་རྒྱུ་ཡིན་པ་རེད།
གཅིག དཔྱད་རྩོམ་བསྡུ་བའི་གནད་བསྡུས།
1 བོད་ཀྱི་དམངས་ཁྲོད་རྩོམ་རིག་གཞུང་ལུགས་འཛུགས་སྐྲུན་ཞིབ་འཇུག
2 བོད་ཀྱི་དམངས་ཁྲོད་རྩོམ་རིག་ལོ་རྒྱུས་ཞིབ་འཇུག
3 བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རྩོམ་ལུགས་རིགས་དབྱེ་ཞིབ་འཇུག
4 བོད་ཀྱི་ངག་ཐོག་གཏམ་རྒྱུད་རིགས་ཀྱི་ཞིབ་འཇུག
5 བོད་ཀྱི་ངག་ཐོག་རྒྱུན་འཛིན་ལུགས་སྲོལ་ཞིབ་འཇུག
6 བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་མི་ཆོས་བསམ་བློའི་ཞིབ་འཇུག
7 བོད་ཀྱི་ལྷ་སྒྲུང་དང་དམངས་ཁྲོད་དད་མོས་ལུགས་སྲོལ་ཞིབ་འཇུག
8 བོད་ཀྱི་དམངས་ཁྲོད་གླུ་གཞས་ནང་དོན་དང་རྣམ་པ། དབྱངས་བཅས་ཀྱི་ཞིབ་འཇུག
9 བོད་ཀྱི་དམངས་ཁྲོད་རྩོམ་རིག་གྲངས་མཛོད་འཛུགས་སྐྲུན་ཞིབ་འཇུག
10 བོད་ཀྱི་ངག་ཐོག་རྒྱུན་འཛིན་གྱི་དོན་བརྗོད་སྙན་ངག་རིང་མོ་ཞིབ་འཇུག
11 བོད་ཀྱི་དམངས་ཁྲོད་གབ་ཚིག་གི་འགྱུར་ལྡོག་གོ་རིམ་དང་དེའི་སྤྱོད་ནུས་ཞིབ་འཇུག
12 དམངས་ཁྲོད་རྩོམ་རིག་དེ་སློབ་གྲྭའི་སློབ་གསོ་ཁྲོད་ཀྱི་ནུས་པའམ་དགེ་མཚན།
13 དམངས་ཁྲོད་རྩོམ་རིག་དང་མི་རིགས་རིག་གནས་རྒྱུན་འཛིན་གྱི་འབྲེལ་བ་ཞིབ་འཇུག
14 བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་མཛེས་དཔྱོད་རིན་ཐང་ཞིབ་འཇུག
15 རང་རྒྱལ་མཐོ་རིམ་སློབ་གྲྭའི་དམངས་ཁྲོད་རྩོམ་རིག་བསླབ་ཚན་འཛུགས་སྐྲུན་གྱི་མིག་སྔའི་གནས་བབ་དང་མ་འོངས་འཕེལ་རྒྱས་ཞིབ་འཇུག
16 བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་མི་རིགས་གཞན་གྱི་དམངས་ཁྲོད་རྩོམ་རིག་དབར་དཔྱད་བསྡུར་ཞིབ་འཇུག
17 དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོ་དང་རྩོམ་རིག་གི་འབྲེལ་བ་ཞིབ་འཇུག
18 དམངས་ཁྲོད་རྩོམ་རིག་གི་བསླབ་ཚན་རིགས་དབྱེ་གནད་དོན་ཞིབ་འཇུག
གཉིས། དཔྱད་རྩོམ་བསྡུ་བའི་ཆ་རྐྱེན།
གོང་གི་གནད་བསྡུས་དག་དང་རང་ཉིད་ཀྱི་ཞིབ་འཇུག་ནུས་པས་དཔྱད་རྩོམ་གྱི་ཁ་བྱང་གཏན་འཁེལ་དང་། དཔྱད་རྩོམ་ནི་བོད་ཡིག(རབ་ཡིན་ན་ཧི་གཟུགས་ཡིན་དགོས)དང་རྒྱ་ཡིག་གཉིས་ཀྱི་ལམ་སྤེལ་ཆོག་ལ། སྤྱིར་བཏང་དུ་ཡིག་འབྲུ4000ནས6000བར་ཡིན་དགོས། དཔྱད་རྩོམ་ནིwordགློག་རྡུལ་ཡིག་ཚགས་སུ་ཉར་ཏེ2013ལོའི་ཟླ8པའི་ཚེས20ཡི་སྔོན་དུ་གློག་རྡུལ་ཡིག་ཟམ་གྱི་ལམ་ནས་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་སྐུར་དགོས།
གློག་རྡུལ་ཡིག་ཟམ། bdwanma@sina.com དང Kqz.tz@163.com  དེ་མིན 98268856@qq.comབཅས་གང་རུང་དུ་སྐུར་ཆོག
གསུམ། དཔྱད་རྩོམ་དག་འབྲེལ་ཡོད་ཆེད་མཁས་པར་ལྟ་ཀློག་བྱེད་དུ་འཇུག་པ་དང་། བདམས་ཟིན་པའི་དཔྱད་རྩོམ་གྱི་རྩོམ་པ་པོ་བགྲོ་ཚོགས་སུ་གདན་ཞུ་བྱ་རྒྱུ་ཡིན་པ་མ་ཟད། གྲོས་ཚོགས་སུ་དཔྱད་རྩོམ་ཐད་ནས་འབྲེལ་འདྲིས་བྱེད་དགོས་པ་ཡིན། གྲོས་ཚོགས་ཀྱི་བརྡ་ཡིག་དང་གྲོས་ཚོགས་ཀྱི་དུས་ཚོད་རྗེས་ནས་བརྡ་གཏོང་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།