བོད་ལྗོངས་ཕྱི་ཕྱོགས་དྲིལ་སྒྲོག་མཐོ་རིམ་གླེང་སྟེགས་སྐབས་དང་པོ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-03 10:06:00 ཀློག་གྲངས།:

        ཟླ6པའི་ཚེས29ཉིན། བོད་ལྗོངས་མི་རིགས་སློབ་གླིང“བོད་ལྗོངས་རིག་གནས་རྒྱུན་འཛིན་དར་སྤེལ་མཐུན་འབྲེལ་གསར་སྐྲུན་ལྟེ་གནས”དང་ཀྲུང་གོའི་མི་དམངས་སློབ་ཆེན“གསར་འགྱུར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས”གཉིས་ཀྱིས་ལྷན་དུ་གཙོ་སྒྲུབ་གནང་བའི“བོད་ལྗོངས་ཕྱི་ཕྱོགས་སུ་དྲིལ་སྒྲོག་གི་མཐོ་རིམ་གླེང་སྟེགས་སྐབས་དང་པོ”ཧྲན་ཞི་ཞིང་ཆེན་ཞན་ཡཱང་གྲོང་ཁྱེར་གྱི་བོད་ལྗོངས་མི་རིགས་སློབ་གླིང་དུ་སྤེལ་ཞིང་། བོད་ལྗོངས་མི་རིགས་སློབ་གླིང་གི་གླིང་གཙོ་བློ་བཟང་བདེ་ཆེན་གྱིས་གཏམ་བཤད་གནང་བ་མ་ཟད་གདན་ཞུ་སྐུ་མགྲོན་རྣམས་ལ་ཁ་བཏགས་ཕུལ་བ་རེད།
        ཀྲུང་གོའི་མི་དམངས་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཧྥུ་ཏན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་གསར་འགྱུར་ཁྱབ་ཁོངས་དང་། མི་རིགས་རིག་པའི་མིང་གྲགས་ཤེས་ཡོན་པ20ལྷག་བོད་ལྗོངས་མི་རིགས་སློབ་གླིང་དུ་འཛོམས་ཏེ་བོད་ལྗོངས་རིག་གནས་འདི་ཉིད་ཕྱི་ཕྱོགས་ལ་དྲིལ་སྒྲོག་དང་རྒྱལ་ཁབ་ཀྱི་སྣང་བརྙན་སྐྲུན་པའི་ཐད་ནས་ལྷན་དུ་བགྲོ་གླེང་བྱས་ཤིང་། བོད་ལྗོངས་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་དམིགས་ཡུལ་དང་། འཐབ་ཇུས། བྱེད་ཐབས་བཅས་འཚོལ་ཞིབ་བྱས་ཏེ་སྔར་ལས་ལྷག་པར་བོད་ལྗོངས་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པར་བློ་དང་ཤེས་རབ་ཀྱི་རོགས་འདེགས་མཁོ་སྤྲོད་གནང་།
        བློ་བཟང་བདེ་ཆེན་གྱིས་བཤད་རྒྱུར། བོད་ལྗོངས་རིག་གནས་ཕྱི་ཕྱོགས་དྲིལ་སྒྲོག་སྟེགས་བུས་བོད་ལྗོངས་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་ཞིབ་འཇུག་དང་ལག་ལེན་བྱེད་པ་རང་འགན་དུ་བྱས་ཏེ་ཅུང་ཆ་ཚང་བའི་སྒོ་ནས་བོད་ལྗོངས་རིག་གནས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་ལོ་རྒྱུས་དང་། མིག་སྔའི་གནས་བབ། མ་འོངས་འཕེལ་ཕྱོགས་བཅས་ལ་ཞིབ་འཇུག་དང་། ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་འཕེལ་རྒྱས་ཕྱོགས་སོ་སོ་གང་ནུས་གང་འཚམ་གྱིས་ཕྱི་ཕྱོགས་ལ་ངོམ་པར་བྱ་རྒྱུ་ཡིན། ཁོས་ད་དུང་གླེང་སྟེགས་ཀྱི་གཙོ་སྒྲུབ་པའི་ཚབ་བྱས་ཏེ་ཤེས་ཡོན་པ་དང་སྐུ་མགྲོན་རྣམས་ལ“བོད་ལྗོངས་རིག་གནས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་སྟེགས་བུ”འཛུགས་སྐྲུན་བྱེད་པའི་ཐད་ལ་རིན་ཐང་ལྡན་པའི་བསམ་འཆར་དང་ལྟ་ཚུལ་ལྷུག་པོར་བརྗོད་པར་རེ་ཞུ་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།