《འབྲོང》ཞེས་པའི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་གཉིས་པར་ཚུད་པའི་བརྩམས་ཆོས་གཏན་འཁེལ་བྱས།
དེ་ཡང་ནན་ཏན་གྱིས་ལེགས་འདེམ་བྱས་པར་བརྒྱུད། 《འབྲོང》ཞེས་པའི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་གཉིས་པར་ཚུད་པའི་བརྩམས་ཆོས་གཏན་འཁེལ་བྱས།
མིག་སྔར། དུས་སྔོན་གྱི་འདེམ་སྒྲིག་དང་། ལོ་ཙཱའི་བྱ་བ་ལེགས་འགྲུབ་བྱུང་སྟེ་དཔར་ཁང་དུ་སྐྱེལ་ཟིན་པ་དང་། འཆར་འགོད་ལྟར་ན་དཔེ་ཚོགས་འདི་ད་ལོའི་ཟླ7པར་རྩོམ་པ་པོའི་པར་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད།
《འབྲོང》ཞེས་པའི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་གཉིས་པར་ཚུད་པའི་བརྩམས་ཆོས་ནི། 《བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་སྒྲུང་ཕྱོགས་བསྒྲིགས》(འཇིགས་མེད་རྡོ་རྗེས་བསྒྱུར)དང་། 《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཕྱོགས་བསྒྲིགས》(ལི་གོ་ཏུང་གིས་བསྒྱུར)། 《ཚེ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས》(པདྨ་ལྷུན་གྲུབ་ཀྱིས་བསྒྱུར)། 《རིག་ལྡན་རྒྱ་མཚོའི་བརྩམས་སྒྲུང་ཕྱོགས་བསྒྲིགས》(ལུང་རིན་ཆེན་གྱིས་བསྒྱུར)།
2012ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་པ་པོ་སྐྱེད་སྲིང་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར། 《འབྲོང》ཞེས་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ཀྱི་བྱ་བ་སྒྲུབ་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བའི་མཚོ་སྔོན་གྱི་དེང་རབས་རྩོམ་རིག་གལ་ཆེའི་ལས་གཞི་འདི་ནི་ལོ5ལ་ལག་བསྟར་བྱ་འཆར་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ20ཡི་རྩོམ་རིག་བརྩམས་ཆོས་ལོ་ཙཱ་དང་པར་བསྐྲུན་བྱ་རྒྱུ་ཡིན་ལ། ན་ནིང《འབྲོང》ཞེས་པའི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་དང་པོ་པར་བསྐྲུན་འགྲེམ་སྤེལ་བྱས་རྗེས་མཚོ་སྔོན་ཞིང་ཆེན་རྩོམ་རིག་ཁྱབ་ཁོངས་སུ་རྒྱ་ཆེར་རང་བཞིན་གྱིས་གདེང་འཇོག་ལེགས་པོ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com