རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྐད་ཀྱི་གློག་བརྙན་བསྒྱུར་སྒྲིག་གི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཟླ7པའི་ཚེས4ཉིན། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྐད་ཀྱི་གློག་བརྙན་གྲངས་འཛིན་ཅན་གྱི་བསྒྱུར་སྒྲིག་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་དེ་ལན་ཀྲུའུ་རུ་བསྡུས་པ་རེད། ནང་སོག་དང་སི་ཁྲོན། ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཞིན་ཅང་སོགས་ཀྱི་གློག་བརྙན་བསྒྱུར་སྒྲིག་དང་འབྲེལ་བའི་ལས་བྱེད་མི་སྣ་རྣམས་གསོ་སྦྱོང་ལ་ཞུགས་པ་རེད།
2009ལོར་རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཅུའི་གློག་བརྙན་ཅུའུ་ཡིས་སྐབས་དང་པོའི་གྲངས་ཉུང་མི་རིགས་སྐད་ཀྱི་གློག་བརྙན་གྱི་གྲངས་འཛིན་ཅན་གྱི་བསྒྱུར་སྒྲིག་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། དེས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཕན་གློག་བརྙན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱས་པ་རེད།
མཚོ་སྔོན་གྱི་འཁྲབ་ཁྲིད་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཀྲུང་གོའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་པའི་སྐབས་སུ་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་མི་རིགས་ས་ཁུལ་གྱི་བསྒྱུར་སྒྲིག་ལག་རྩལ་མཐོ་རུ་འདེགས་ཐུབ་པར་མ་ཟད། མང་ཚོགས་ཀྱི་མཁོ་འདོད་ཚིམས་པར་བྱེད་ཐུབ་ལ། དེ་ལས་ཀྱང་གལ་ཆེ་བ་ནི་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་ལ་མྱུར་སྐྱོབ་བྱེད་ཐུབ་པ་རེད་ཅེས་བརྗོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com