《ཀླུ་འབུམ་མི་རྒོད》པར་སྐྲུན་ལ་རྟེན་འབྲེལ་ཞུ་བའི་བགྲོ་ཚོགས་བསྡུས་པ།
ཀླུ་ཚང་བསོད་ནམས་འབུམ།
ཟླ7པའི་ཚེས6ཉིན། ཀླུ་ཚང་བསོད་ནམས་འབུམ་གྱིས་བྲིས་པའི་རབ་བཏགས་རི་མོའི་དེབ《ཀླུ་འབུམ་མི་རྒོད》པར་དུ་སྐྲུན་པར་རྟེན་འབྲེལ་ཞུ་བའི་འདུ་ཚོགས་དེ་མང་རྫོང་ཕོ་བྲང་གསར་བར་བསྡུས་ཤིང་། རེབ་འདིའི་འདུ་ཚོགས་ནི་མང་རྫོང་མི་རིགས་སློབ་འབྲིང་གི་བོད་རིགས་དགེ་རྒན་དག་གིས་དགེ་གྲོགས་སམ་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་དཔྱད་གླེང་འདུ་ཚོགས་བསྡུས་པའི་རྗེས་ཀྱི་འདུ་ཚོགས་ཐེངས་གཉིས་པ་ཡིན་ལ། ཚོགས་ཐོག་ཏུ་རི་མོ་བ་ཁོང་གིས་རི་མོའི་བརྩམས་ཆོས་འདི་ཅིའི་ཕྱིར་འབྲི་བའི་དམིགས་ཡུལ་དང་ཇི་ལྟར་བྲིས་པའི་བརྒྱུད་རིམ་བཤད་པ་མ་ཟད། ཚོགས་ཞུགས་མི་སྣ་དག་གི་དྲི་བར་ལན་བཏབ་སྟེ་ཁོང་གི་རི་མོའི་སྒྱུ་རྩལ་གྱི་ལམ་བུའི་ཞོར་དུ་རི་མོའི་སློབ་གསོའི་སློབ་ཁྲིད་ཀྱི་ཉམས་མྱོང་གླེང་ནས་སྤྱིར་བཏང་གི་རི་མོ་དགེ་རྒན་ཞིག་གི་སྤྱིར་བཏང་མ་ཡིན་པའི་འཚོ་བའི་ངོས་ཤིག་གསལ་སྟོན་བྱས་པ་རེད།
ད་ལན་ཀླུ་ཚང་བསོད་ནམས་འབུམ་གྱིས་བྲིས་པའི《ཀླུ་འབུམ་མི་རྒོད》ཀྱི་རབ་བཏགས་མུ་འབྲེལ་རི་མོ་ནི《ཀླུ་འབུམ་མི་རྒོད》ཀྱི་མ་རྩོམ་གཞིར་བཟུང་སྟེ་རབ་བཏགས་མུ་འབྲེལ་རི་མོའི་ལམ་ནས་བྲིས་པ་ཞིག་ཡིན་ལ། རབ་བཏགས་རི་མོའི་སྒྱུ་རྩལ་ལ་བརྟེན་ནས《ཀླུ་འབུམ་མི་རྒོད》ཀྱི་ཕུགས་ན་མཆིས་པའི་དགའ་སྐྱོ་ཆགས་སྡང་དང་མི་སྣའི་ཕྱིའི་ཆ་བྱད་དང་ནང་སེམས་ཀྱི་འཇིག་རྟེན་དེ་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བཤམས་འདུག
མཇུག་མཐར། ཚོགས་ཞུགས་མི་སྣ་དག་གིས་རི་མོ་བ་ཁོང་ལ་རྟེན་འབྲེལ་གྱི་ཁ་བཏགས་ཕུལ་བ་མ་ཟད། བརྩེ་སེམས་མཚོན་པའི་གླུ་དང་གླུ་དབྱངས་ཀྱི་ལེགས་སྐྱེས་ཕུལ་ནས་འདུ་ཚོགས་ཀྱི་སྤྲོ་སྣང་མཐོ་རུ་བཏེགས་ཤིང་། བརྩམས་ཆོས་དཔྱད་གླེང་གི་འདུ་ཚོགས་དེ་རིག་རྩེད་འཁྲབ་སྟོན་གྱི་རམ་འདེགས་འོག་ནས་མཇུག་བསྡུས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com