ལུང་རིན་ཆེན་གྱི་སྒྲུང་ཐུང《ཨིན་འགྱུར་ཀྲུང་གོའི་དེང་རབས་སྒྲུང་ཐུང་གཅེས་བཏུས》སུ་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-08 10:26:00 ཀློག་གྲངས།:

        མིག་སྔར། 《ཧྲང་ཧེ་རྩོམ་རིག》དུས་དེབ་ཁང་གིས་སྒྲིག་འདེམ་བྱས་པའི《ཨིན་འགྱུར་ཀྲུང་གོའི་དེང་རབས་སྒྲུང་ཐུང་གཅེས་བཏུས》ཧྲང་ཧེ་ཕྱི་སྐད་སློབ་གསོ་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། འདི་ནི་རྒྱལ་ནང་དུ་ཐོག་དང་པོར་རྩོམ་རིག་དུས་དེབ་ཀྱི་རྣམ་པ་གཞིར་བཟུང་སྟེ་དེར་ཚུད་པའི་ལེགས་རྩོམ་དག་དབྱིན་ཡིག་དང་རྒྱ་ཡིག་ཟུང་སྦྱོར་སྒོས་པར་དུ་བསྐྲུན་པ་ཞིག་ཡིན་ལ། རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་རྩོམ་པ་པོ་ལུང་རིན་ཆེན་གྱི་སྒྲུང་ཐུང《ཡང་སྲིད》ཅེས་པ་དེའི་ཁྲོད་ཚུད་པ་རེད།
        རྒྱུས་ལོན་པ་ལྟར་ན། 《ཨིན་འགྱུར་ཀྲུང་གོའི་དེང་རབས་སྒྲུང་ཐུང་གཅེས་བཏུས》སུ་ཝང་མུན་དང་། ཧྥུན་ཅི་ཚེ། ཝང་ཙིན་ཆི། སུའུ་ཐུང་། ཀྱཱ་ཕུན་འོ། ཨ་ལེ། ཝང་ཨན་དབྱི། ཨ་ཁྲིན། ཙུན་ཕུའུ་སོགས་རྩོམ་པ་པོའི་བཅོས་སྒྱུར་སྒོ་འབྱེད་ཚུན་དུ《ཧྲང་ཧེ་རྩོམ་རིག》སྟེང་བཀོད་པའི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས34འདུས་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།