བློ་བཟང་ལྷུན་གྲུབ་རྡོ་རྗེ་སོགས་ཀྱིས《རི་ཆུའི་རིག་གནས》ཀྱི་རྩོམ་སྒྲིག་བྱ་བར་གཟིགས་ཞིབ་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-20 11:47:00 ཀློག་གྲངས།:

 -洛桑•灵智多杰一行视察海南州藏语委办工作.
བློ་བཟང་ལྷུན་གྲུབ་རྡོ་རྗེ་སོགས་ཀྱིས《རི་ཆུའི་རིག་གནས》ཀྱི་རྩོམ་སྒྲིག་བྱ་བར་གཟིགས་ཞིབ་གནང་བ།

  ཟླ7པའི་ཚེས17ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་དང་། ཞིབ་འཇུག་པ་གཞོན་པ་བན་དེ་མཁར་ལགས་སོགས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དུ《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》མཚོ་ལྷོའི་ཁག་གི་རྩོམ་སྒྲིག་བྱ་བར་གཟིགས་ཞིབ་གནང་བ་རེད།
  《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས》ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་དོན་ལས་གཞི་ཞིག་ཡིན་ཞིང་། ནང་དོན་གཙོ་བོ་ནི་རིག་གནས་མིའི་རིགས་རིག་པ་དང་། སྤྱི་ཚོགས་ཁོར་ཡུག་རིག་པའི་ཟུར་ངོས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཏེ་སྒོས་སུ་རི་ཆུའི་རིག་གནས་ལ་ཞིབ་འཇུག་བྱེད་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་མངོན་ཚུལ་དང་དེའི་འགྱུར་བ་སོགས་ཀྱི་རྐྱེན་སྔོག་འདོན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཤུགས་རྐྱེན་སོགས་ཡིན། ལྗོངས་ཞིང་ལྔའི་བོད་ཁུལ་གྱི་ལྷ་རི་ལྷ་མཚོ་སོགས་ཁུལ་རེར་པོད་རེ་ལྟར་རིགས་དབྱེ་ནས་རྩོམ་སྒྲིག་བྱེད་ཀྱིན་ཡོད།
   2011ལོར་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་མཚོ་ལྷོའི་ཁག་གི་ཆེད་དོན་ཞིབ་འཇུག་འོས་འགན་དང་དུ་བླངས་པར་མ་ཟད་ཆེད་དུ་ལས་རིགས་ནུས་ཚད་ལེགས་ཤིང་རྩོམ་འབྲིའི་ཆུ་ཚད་མཐོ་བའི་ལས་སྒྲུབ་མི་སྣ4བདམས་ཏེ་སྒྲིག་རྩོམ་མི་སྣའི་འོས་འགན་སྤྲད་པ་དང་། སྒྲིག་རྩོམ་མི་སྣས་མཚོ་ལྷོ་ཁུལ་གྱི་རྫོང་ལྔ་དང་ཡུལ་ཚོ། གྲོང་རྡལ། སྡེ་བ་སོགས་སུ་ཡུལ་དངོས་རྟོག་ཞིབ་དང་ཐོག་མའི་རྒྱུ་ཆ་འཚོལ་བསྡུ་བྱས་ལ། མིག་སྔར་མཚོ་ལྷོའི་ཁག་གི་ཐོག་མའི་མ་ཟིན་ལེགས་འགྲུབ་བྱུང་ཞིང་། བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་སོགས་འཁོར་དང་བཅས་པས་ཐོག་མའི་མ་ཟིན་འདི་ལ་ཞིབ་ཕྲའི་ངང་ཞིབ་བཤེར་དང་དབྱེ་ཞིབ་གནང་བར་མ་ཟད་བསྒྱུར་བཅོས་བྱེད་དགོས་པའི་ཐད་ནས་བསམ་འཆར་འགའ་ཤས་བཏོན།
  གཟིགས་ཞིབ་བྱེད་པའི་དུས་སྐབས་སུ། བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་སོགས་ཀྱིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ལོ་ཙཱ་ཁའོ་སོགས་སུ་གཟིགས་ཞིབ་བྱས་ཤིང་།  བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་དང་། བརྡ་ཆད་གསར་བའི་ལོ་ཙཱ་བྱེད་ཐབས་དང་ཚད་གཞི་སོགས་ཀྱི་ཕྱོགས་ནས་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣར་ཕན་ཚུན་གླེང་མོལ་བྱས་པར་མ་ཟད། བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་བྱ་བར་གདེང་འཇོག་ཚད་མཐོན་པོ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།