བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་རྟེན་གཞི་བོད་ལྗོངས་སུ་འཛུགས་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-24 10:15:00 ཀློག་གྲངས།:
  བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་ཁྲིམས་ཁང་གི་གྱོད་གཞིའི་གྲངས་ཚད་རིམ་གྱིས་མང་དུ་ཕྱིན་པ་དང་བསྟུན་ནས། བོད་རྒྱ་སྐད་གཉིས་ཀྱིས་འདྲི་གཅོད་བྱེད་པའི་མཁོ་འདོད་ཆེ་རུ་ཕྱིན་པས། གྲངས་ཉུང་མི་རིགས་ས་ཁུལ་གྱི་གྱོད་གཞི་སྣ་ཚོགས་དུས་ཐོག་དང་ཡང་དག་པར་ཐག་གཅོད་བྱེད་ཆེད། བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྔ་རྗེས་སུ་བོད་ལྗོངས་ཀྱི་ཁྲིམས་དཔོན་གསོ་སྦྱོང་སློབ་གླིང་དང་། རྒྱལ་ཁབ་ཀྱི་ཁྲིམས་དཔོན་སློབ་གླིང་གི་བོད་ལྗོངས་ཡན་ལག་སློབ་གྲྭ་གསར་འཛུགས་དང་རྒྱ་བསྐྱེད་པར་མ་ཟད། བསྒྱུར་སྒྲིག་ལྟེ་གནས་གསར་དུ་བཙུགས་པ་རེད།
  རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་རྟེན་གཞི་བཙུགས་རྗེས་བོད་ལྗོངས་ལ་རྐང་བཙུགས་ནས། སི་ཁྲོན་དང་མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞི་ལ་ཞབས་འདེགས་ཞུས་ནས། བོད་ཁུལ་གྱི་ཡུལ་སོ་སོས་སྟེགས་བུ་དེར་བརྒྱུད་ནས་ཕན་ཚུན་ལ་སློབ་སྦྱོང་དང་བགྲོ་གླེང་བྱས་ཏེ་མཉམ་དུ་གོང་འཕེལ་དུ་གཏོང་བ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།