བོད་ཀྱི་ཟློས་གར་འཛིན་སྤེལ་གྱི་གྲོས་ཞིབ་ཚོགས་འདུ་ཟླ8པར་འཚོགས་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-26 09:14:00 ཀློག་གྲངས།:

全国藏戏保护发展研讨会8月初将在拉萨举办
བོད་ཀྱི་ཟློས་གར།

  བོད་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཞེས་པའི་མཚན་གསོལ་ཡོད་པའི་བོད་ཀྱི་ཟློས་གར་དེ2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་བདམས་ཤིང་། ཞོ་སྟོན་གྱི་རིག་གནས་ཉིང་བཅུད་སྔོག་འདོན་དང་ཕུན་སུམ་ཚོགས་པར་གཏོང་བའི་ཁར། བོད་ཀྱི་ཟློས་གར་ལ་སྲུང་སྐྱོབ་དང་འཛིན་སྤེལ་བྱེད་ཆེད། ལྷ་སའི་ཞོ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་ཟླ8པར2013ལོའི་རྒྱལ་ཡོངས་ཀྱི་བོད་ཀྱི་ཟློས་གར་འཛིན་སྤེལ་གྱི་གྲོས་ཞིབ་ཚོགས་འདུ་འཚོགས་རྒྱུའི་གཏན་ཁེལ་བྱས་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ལྷ་སའི་ཞོ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཡོངས་སུ་བོད་ཀྱི་ཟློས་གར་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་དང་། བོད་ཀྱི་ཟློས་གར་འཁྲབ་སྟོན་པ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ལས་བྱེད་མི་སྣ་སོགས་གདན་འདྲེན་ཞུས་ནས་རྩད་བསྡུར་གནང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།